0971-8201019
མ་ཤོག > སྨན་སྦྱོར། > ཕྱེ་མའི་སྦྱོར་བ། >

 

 

༄༅།། རྨ་སྨན་དང་བརྡབས་ཆག་སྨན་གྱི་སྡེ་ཚན།

ཡོང་ཁུངས།      |   ཀློག་གྲངས།    

བཅད་སྦྱོར། བསིལ། བཟི་མེད།

ཕན་ནུས། ཤུ་བ་དང་། རྨ་རིགས་ཀུན་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་མར་དང་མཉམ་དུ་བསྲེས་ནས་རྨ་ཁར་བྱུག་རྒྱུ།

 

ཉེ་ཤིང་ཁཎ་ཊ། དྲོད། བཟི་མེད།

ཕན་ཚས། པགས་ནད་དང་། ཆུ་སེར་སྐེམས་པ། རྨ་རིགས་གསར་རྙིང་ཀུན་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག རྨ་ཁར་བྱུགས་རྒྱུ།

 

ཝོར་ཏའི་ཁཎ་ཊ། བསིལ། དུག་ཤས་ཆེ།

ཕན་ནུས། རྨ་རིགས་གསར་རྙིང་དང་། གཉན་ཚད་རྒྱས་ཏེ་སྐྲངས་སྦོས་ཆེ་བ། གཞང་འབྲུམ་གྱི་ནད་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག རྨ་དང་སྐྲངས་པོར་བྱུགས་རྒྱུ།

 

སྟག་ཤའི་ཁཎ་ཊ། བསིལ། དུག་ཤས་ཆེ།

ཕན་ནུས། གཉན་ཚད་རྒྱས་ཏེ་སྐྲངས་སྦོས་ཆེ་བ་དང་། འབྲུམ་ཐོར་འདོན་པ། ཟ་འཁྲུགས་ལངས་པ།

མེ་དབལ་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག སྐྲངས་པོར་བྱུགས་རྒྱུ།

 

ཡུག་གུ་ཤིང་ཁཎ་ཊ། བསིལ། བཟི་མེད།

ཕན་ནུས། ཆུ་སེར་དང་པགས་ནད་ཀྱིས་འབྲུམ་ཐོར་ཤར་བ་དང་། རྨ་དང་ཤུ་བའི་རིགས་ལ་ཕན།

སྤྱོད་སྟངས། འབྲུམ་ཐོར་དང་སྐྲངས་པོར་ཉིན་རེར་ཐེངས་གཅིག་བྱུགས་རྒྱུ།

 

ཤུ་སླ། ཅུང་བསིལ། བཟི་འབྲིང་།

ཕན་ནུས། ཆུ་སེར་གྱིས་འབྲུམ་ཐོར་ཤར་པ། ཤུ་བ་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག འབྲུམ་ཐོར་དང་ཤུ་བར་མར་རྙིང་མཉམ་དུ་བསྲེས་ནས་བྱུགས་རྒྱུ།

 

སྟབས་སེང་ཆིན་ཐང་། བསིལ། བཟི་མེད།

ཕན་ནུས། རུས་པ་གས་ཆག་བྱུང་བ་དང་། རུས་ཚད་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐང་བསྐོལ་ནས་གཏོང་རྒྱུ།

 

སྟར་བང་། བསིལ་དྲོད་སྙོམས། བཟི་མེད།

ཕན་ནུས། གཡང་ནས་ལྷུང་བའམ་རྡོ་དང་དབྱུག་པ་ཕོག་པས་ཟུག་གཟེར་ཆེ་བ། དབུགས་གཏོང་དཀའ་བ། དེ་བཞིན་ཁྲག་རླུང་སྟོད་འཚངས་ཀྱི་ནད་དང་། སྨུག་པོ་འགྱིངས་འདྲིལ་གྱི་ནད། མ་ཞུ་སྐྲན་གྱི་ནད། ཤ་དུག་དང་བཙན་དུག་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་རིལ་བུ་བཞི།

 

སྟར་ཁྱུང་། བསིལ་དྲོད་སྙོམས། བཟི་ཅུང་ཡོད།

ཕན་ནུས། བརྡབས་ཆག་བྱུང་བ་དང་། རུས་པ་གས་ཆག་ཤོར་བ། ཟུག་གཟེར་ཆེ་བ། གློ་མང་བ།

ཁྲག་རླུང་སྟོད་འཚངས་ཀྱི་ནད་དང་། གཉན་སྐྲངས་དང་གཉན་ཚད་རྒྱས་པར་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་སྟར་བང་རིལ་བུ་བཞི་དང་ཁྱུང་ལྔ་རིལ་བུ་གསུམ་མཉམ་དུ་གཏོང་རྒྱུ།

 

བྱ་ཁུད་བདུད་རྩི་གསུམ་སྦྱོར། བསིལ། བཟི་མེད།

ཕན་ནུས། བརྡབས་ཆག་བྱུང་བ་དང་། རུས་པ་གས་ཆག་ཤོར་བ། ཟུག་གཟེར་ཆེ་བ།

གཉན་སྐྲངས་དང་རྨ་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ།

 

བྱ་ཁུད་ཁྱུང་བསྣན། བསིལ། བཟི་ཅུང་ཡོད།

ཕན་ནུས། བརྡབས་ཆག་བྱུང་བ་དང་། གཉན་སྐྲངས་དང་། གཉན་ཚད་རྒྱས་པ། རུས་པ་གས་ཆག་ཤོར་བར་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ་ནས་བཞི།

 

ཁྱུང་ལྔ། བསིལ་དྲོད་སྙོམས། བཟི་ཆེ།

ཕན་ནུས། ཕོ་ལོག་དང་སྲིན་ནད། གཉན་གཟེར། གཉན་སྐྲངས། གག་ལྷོག ཆུ་སེར། མཛེ་ནད་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་ལྔ་ནས་དྲུག་བར།

 

ཁྱུང་ལྔ་མདོག་བཞི། བསིལ་དྲོད་སྙོམས། བཟི་ཆེ།

ཕན་ནུས། ཕོག་ལོག་དང་། མཛེ་ནད། གག་ལྷོག སྲིན་ནད། གཉན་གཟེར། ཡ་མ། གླང་འཐབ། མ་ཞུ། སྐྱ་རྦབ།

དམུ་འོར། འབྲས་སྐྲན་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་ལྔ།

 

དུང་ཐལ། ནུས་པ་རྣོ་བ། བཟི་མེད།

ཕན་ནུས། སྐྲངས་པོ་རྡོལ་ཞིང་རྣག་འདོན་པ། རྣག་སྐེམ་པ། རུས་ཚད་སིལ་བར་ཕན།

སྤྱོད་སྟངས། སྐྲངས་པོའི་དཀྱིལ་དུ་ཕྲན་ཙམ་བྱུགས་རྒྱུ།

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།