0971-8201019
མ་ཤོག > སྨན་སྦྱོར། > རིན་པོ་ཆེའི་སྦྱོར་བ། >

 

 

དངུལ་ཆུ་གྲང་འདུལ།

ཡོང་ཁུངས།      |   ཀློག་གྲངས།    

རྒྱུད་ཀྱི་དགོངས་པ་ལྟར་ནི། དངུལ་ཆུ་ཞོ་གང་ལ་སྒ་པི་ཕོ་གསུམ་ཕྱེ་མ་ཐུར་མགོ་གང་རེ་བཏབ། རའམ་གླ་བའི་ཧེལླ་གའི་སྐྱི་མོའི་ནང་བསྟན་དུ་བླུགས། ཁུག་མའི་སྟོད་ནས་དམ་པོ་བསྡམས་ལ་ཉི་མ་ཕྱེད་ཙམ་དུ་དལ་བུས་མཉེ། ཁ་དབྱེ་ལ་རྫས་རོ་ལྗང་ནག་གུད་དུ་ཕྱེ། དུག་ཡོད་པས་སར་སྦ། དེ་ནས་བ་གཅིན་ནང་དུ་ཁོལ་ཙམ་བཙོ་ཞིང་དཀྲུགས་ལ་ཆུ་ཕྱིར་དོར། ཆུ་གྲང་གིས་བཤལ། དེ་ནས་ལྕགས་སྐྱོགས་ནང་དུ་སྣུམ་ནག་ཕོར་ཆུང་གང་ཙམ་བསྐོལ། ཁོལ་བྱུང་དུས་དངུལ་ཆུ་དང་གཤའ་དཀར་ཞོ་ཕྱེད་དང་ཞ་ཉེ་དེའི་ཕྱེད་བཅས་བཏུལ་ནས་བཏབ་ལ་ཡུན་ཐུང་ངུར་བཙོས་བས་ཆོག  སྣུམ་ཕྱིར་འཕོ་ལ་དངུལ་ཆུ་གྲང་དུ་ཆུག་ནས་དངུལ་སྐམ་དང་མུ་ཟི་བསླད་མེད་ལྗིད་མཉམ་པ་རྡོ་གཏུན་དྲོད་ལྡན་དུ་ལྷན་ཅིག་བསྣུར་བས་ནག་མཐིང་དངུལ་འོད་མེད་པ་བྱུང་ཚེ་དར་རས་ནག་པོར་བཏུམས་ལ་ཟླ་ཤེལ་སོགས་སྨན་སྦྱོར་ཆེ་བ་རྣམས་ལ་གཏོང་རྒྱུའི་དངུལ་ཆུ་དཀར་འདུལ་དུ་གྲགས་པ་དེ་ཡིན། 

དངུལ་ཆུ་གྲང་འདུལ་བྱེད་པར་གཡའ་འཕྱི་བ་དང་། དུག་འདོན་གཉིས་ཀྱི་དང་པོ་གཡའ་འཕྱི་བ་ནི་སྒ་པི་པི་ལིང་ཕོ་བ་རིས་ཏེ་ཚ་བ་གསུམ་བཏགས་པའི་ཕྱེ་མ་དང་དངུལ་ཆུ་གཉིས་གླ་བའི་ཏིལ་ཏེའམ་ཁ་ཤའི་ཁུག་པའི་ནང་དུ་ལྷན་ཅིག་བླུག་ཅིང་། ཁ་དམ་པར་བཅིངས་པ་གཡའ་མ་ཐོན་གྱི་བར་མཉེ་ཞིང་སྲུབ། དེའི་རྗེས་སུ་བ་ཆུ་རྐྱང་བ་ཡང་རུང་སྟེ་ལག་ལེན་མིའི་དྲི་ཆུ། ཚ་ལའི་ཆུ། མཚུར་གྱི་ཆུ། ཤིང་ཏོག་སྐྱུར་པོའི་ཆུ་སྟེ་ཀྵ་ར་རྣམ་པ་ལྔས་བགྲུངས་ཤིང་བཏགས་ལ་གཡའ་ཁུ་འདོན་པ་དང་། དུག་འདོན་པ་ནི་ཅོང་ཞི་དང་། བ་བླ། ལྡོང་རོས། ཁབ་ལེན། དངུལ་རྡོ། ལྷང་ཚེར། ནག་མཚུར། རྡོ་ཕ་ཝང་ལོང་བུ་སོགས་འཆིང་བྱེད་ཁམས་བརྒྱད། གསེར། དངུལ། ཟངས། ལྕགས། ར་གན། འཁར་བ། གཤའ་དཀར། ཞ་ཉེ་སྟེ་ཟ་བརྒྱད་ལྕགས་བརྒྱད་རྣམས་དྲི་ཆུ་དང་བསྲེས་པ་ལོ་ཟླ་ཞག་ལ་སོགས་པ་སྐམ་སྐམ་གྱི་བར་བཙོ་བའི་ཚང་ཚད་ནི་བདེ་ཁུ་འཛིན་པ་ཞེས་དངུལ་ཆུ་དབྱེ་བ་དེ་ལ་ཁ་བཙུགས་ན་སྡོད་པ་དེ་བར། ཡང་ལུགས་གཅིག་ལ། དང་པོ་དངུལ་ཆུའི་གཡའ་འདོན་ཐབས་ནི་སྒ་སྨུག་པོ་དང་། པི་པི་ལིང་ཕོ་བ་རིས་གསུམ་གྱི་ཕྱེ་མ་ཤིན་ཏུ་ཞིབ་པ་གླ་ཏིལ་ཏེ་གླ་བའི་སོགས་པ་ལེགས་པར་མཉེས་པའི་ནང་དུ་བཏུམས་ལ་ཕུ་རུ་ཕུར་ཞིང་། ཤེད་ཆུང་འཚངས་པ་བྱས་དངུལ་ཆུ་བ་མོ་བ་བྱས་ཉི་མ་རིང་དུས་ཀྱི་ཉེར་གཅིག་གི་བར་མཉེ། དེའི་རྗེས་སུ་ཚགས་པར་པོ་ཐིགས་གས་ཆག་མེད་པའི་ནང་དུ་དངུལ་ཆུ་དང་ལྷན་ཅིག་ཏུ་བ་ཆུ་སྙིམ་པོ་གསུམ་ཙམ་བླུག་མེ་རན་པ་བཏང་ཞིང་བཙོས། སྙིང་པོ་རེ་ཙམ་སྐམ་པ་དང་། ཡང་ཆུ་གསར་པས་རྗེས་སྙིང་པོ་དོར་ཞིང་གོང་ལྟར་གཡའ་ཁུ་འདོན། ལན་མངས་པ་དང་མེ་མ་ཆད་པ་བྱ། ཕྱི་མ་ལ་གཏུན་ཀྱོང་ནང་དུ་བ་ཆུ་ཚན་མོ་དང་ལྷན་ཅིག་ཏུ་འཐག་ཅིང་ཡང་ཡང་གཡའ་ཁུ་འདོན་ལ་ཕོ་བ་ཆུ་གསར་བ་བླུག  གཉིས་པ་དངུལ་ཆུའི་དུག་འདོན་པ་ནི། དུག་འདོན་ཅོང་ཞི་སྐམ་བཙོ་ཞེས་པ་ཅོང་ཞི་ནས་ཙམ་སྲན་ཉུངས་དཀར་ཙམ་བྱས་ལ་བཅོང་ཅོང་ཞིའི་བྱིའུ་ཆང་ལྟ་བུར་རྫ་ཁོག་མའི་ནང་དུ་བཙོས་ལ་དེའི་དཀྱིལ་དུ་དངུལ་ཆུ་བླུག དེ་ནས་བྱིས་པ་ལོ་བརྒྱད་པའམ་དགེ་སློང་གཙང་མའི་ཆུ་མ་ཉུང་བ་བླུག་སྟེ་རན་ཙམ་གྱི་མེ་ལ་བསྐོལ་ཞིང་དྲི་ཆུ་དེ་ཉིད་ཅོང་ཞི་ལ་ཐིམ་ཐིམ་གྱི་བར་བཙོ། དེ་ནས་ཀྱང་ཐལ་ན་དངུལ་ཆུ་ཕུར་འགོ་བ། དེ་ལྟར་གྱི་དུག་འདོན་པའང་འགའ་བྱས་ནས་ལེགས། དེ་ལྟར་བྱས་པའི་དངུལ་ཆུ་དེ་ནི་བེར་ཁ་འཛིན་པ་སྟེ། པིར་མགོ་དངུལ་ཆུ་ལ་བཙུགས་ན་སྐྱེར་དེ་སྡོད་པ་འབྱུང་བས། དེ་ལྟར་མ་བྱུང་གི་བར་དུ་གཡའ་ཕྱིས་གཡའ་ཁུ་འདོན་པ་སོགས་སྦྱར་ལ་བྱ། འདི་ནི་དུག་འདོན་འདུས་པ་ཙམ་ཡིན་ལ། རྒྱས་པར་ནི་གཞན་ལས་ཤེས་པར་བྱ་བ་དང་། ངེས་པར་མཐོང་རྒྱུད་ཀྱི་ལག་ལེན་གལ་ཆེ། ཡང་ན་དངུལ་ཆུ་སྟར་བུས་འདུལ་བ་ནི། དངུལ་ཆུ་ཅི་ཙམ་གཏོང་བ་ལྡབ་ལོག་གི་སྟར་བུ་བཏང་ལ་གཏུན་ཀྱོང་འཇམ་པའི་ནང་དུ་དངུལ་ཆུ་འབྲུམ་བུ་མེད་པར་ནམ་སོང་བར་དུ་མཉེས་པ། དངུལ་ཆུ་མུ་ཟི་སེར་པོ་ཚ་འདུལ་བྱ་བ་ལ། དངུལ་ཆུ་དང་མུ་ཟི་གཉིས་ལྗིད་མཉམ་ལ་ལྕགས་སྣོད་དུ་བཞུ་བའི་ཚེ་མེ་འཁྱུག་པར་དུས་རྡོའི་གཏུན་ཀྱོང་ནང་དུ་བླུག་ལ་བཏགས་པས་མདོག་ནམ་མཁའ་ལྟར་སོང་བ་ལེགས་པའི་རྟགས་ཡིན། ཡང་དངུལ་ཆུ་འདུལ་ལུགས་མྱུར་བའམ་ཁྱད་ཐོན་ནི། དང་བོར་དངུལ་ཆུ་ཞོ་གང་ལ་གཤའ་དཀར་པོ་ཞོ་ཕྱེད། ཞ་ཉེ་ཞོ་ཕྱེད་རྣམས་ལྕགས་སྣོད་མ་རྫ་སོགས་གང་རུང་ལ་བླུག་སྟེ་དེ་སྟེང་ཏིལ་མར་བྲན་ལ་མེ་ལ་སྦུད་པ་དལ་བུས་བཞུ་བའི་དངུལ་ཆུ་དང་གཤའ་དཀར་ཞ་ཉེ་གསུམ་མཉམ་གཅིག་ཏུ་བཞུ་དུས་ཕོག་པས་མདོག་དངུལ་དཀར་འདྲ་བ་བྱུང་ན་ལེགས་པ་ཡིན། དེ་ནས་སྟར་བུ་དང་བ་དམར་ཟིལ་ཟལ་གྱི་ཆུ་ལ་ཡང་ཡང་བཙོས་པའི་མདོག་ཤིན་ཏུ་ལེགས་པ་ཡོད། སླར་དེ་དང་ལྗིད་མཉམ་པའི་མུ་ཟི་དང་ལྷན་ཅིག་ལྕགས་སྣོད་དུ་བླུག་ལ་ལྕགས་མདས་དཀྲུགས་བཞིན་བཞུ་ལ་མེ་སྔོ་ལྡིང་བྱུང་དུས་རྡོ་གཞོང་དྲོ་ལྡན་དུ་བླུག་ལ་མཉེ་བའི་དངུལ་ཆུ་འདི་ནི་ནད་ཐམས་ཅད་ཀྱི་གཉེན་པོ་མཆོག ཅེས་གསུངས་འདིའི་ལག་ལེན་བྱེད་པ་མ་མྱོང་བས་དཔྱད་པར་བྱ།

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།