0971-8201019
མ་ཤོག > སྨན་སྦྱོར། > རིན་པོ་ཆེའི་སྦྱོར་བ། >

 

 

ལྕགས་ཕྱེ་འདུལ་ལུགས།

ཡོང་ཁུངས།      |   ཀློག་གྲངས།    

གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེ་བང་མཛོད་ལས་ལྕགས་ཕྱེ་སྲང་གང་རང་མཉམ་ཨ་རུ། ཉིས་འགྱུར་ཚ་ལ་གཉིས། སུམ་འགྱུར་མུ་ཟི་གསུམ་བཅས་རྡོ་གཏུན་དུ་བསྣུར་ཏེ་འདམ་འཐག་བྱས་ནས་མཐེབ་ཀྱུ་བྱས་པ་སྐམ་ནས་བསྲེག་སྣོད་དུ་བླུགས་ཏེ་ཆུ་ཚོད་ཉི་ཤུ་ཙམ་དུ་བསྲེགས་པས་འགྲུབ།  

ལག་ལེན་གཅེས་རིགས་བསྡུས་བ་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད་ལས་ཡང་ན་དེའུ་དམར་བས། ལྕགས་བཟང་གསེག་བརྡར་གྱིས་བརྡར་ཕྱེ་མ་ནི། ། འོམ་བུའི་ལོ་མར་བཙོས་ལ་ཆུས་བཀྲུས་བསྐམ།། དེ་ཡིས་དུག་ཐོན་དེ་རྗེས་ཚ་ཆུ་ནང་། ། བཅུག་ལ་གཏུན་གྱིས་བསྣུར་བས་དཀར་པོར་སོང་། ། ལྕགས་གཡའ་དག་པ་ཡིན་པ་མི་ཤེས་འགས།། ལྕགས་ཕྱེ་ལྕགས་ཐལ་ལྕགས་ཁུ་གང་ལ་ཡང་། ། ལྕགས་རྒོད་གཡའ་དུག་ལྡན་པ་བཏང་བ་ནི།། ཕན་ཆུང་གནོད་ཆེ་འཁྲུལ་བའི་རང་ལུགས་ཡིན།། ལྕགས་ཕྱེ་དེ་ལ་ཐལ་བ་བྱ་ལུགས་ནི།། རྫ་ཡི་གའུར་རིལ་མའི་ཕྱེ་མ་བཀོད།། དཀྱིལ་ཀྱོང་བ་བླའི་ཕྱེ་མ་སྲང་གང་བླུག། དེ་ཡང་དཀྱིལ་ཀྱོང་ལྕགས་ཕྱེ་སྲང་གང་བླུག། མཐལ་ཡིས་བ་བླས་ཚུར་བཏུམ་རིལ་མས་བཀབ།། ཁ་བཀག་འདག་ཞལ་དུ་བ་མ་ཤོར་བ།། གོང་བཞིན་བསྲེགས་པས་ཐལ་བར་འགྱུར་བ་ཡིན།

ཡང་ན་ལྕགས་ཀྱི་སྦྲང་གཤོག་དུག་གཡའ་ཕྲལ། ། ཚ་ལ་མུ་ཟི་སྟར་བུ་ལྕགས་རང་དང་། ། ལྗིད་མཉམ་ཞིབ་བཏགས་སྐྱོ་མས་ཕྱི་ནང་བྱུག། དེ་གསུམ་བླུག་ཀོང་ནང་ཡང་ཁྱབ་པར་བྱུག། ལྕགས་དེ་བསྐམས་ནས་ཀོང་བུར་བླུག་ལ་བསྡིགས།། མཚམས་བསྡམ་ཕྱི་ནས་བ་ཡི་ལྕི་བས་བྱུག། དེ་རྒྱབ་སོལ་འདག་གིས་དྲིལ་སྔར་ལྟར་བསྲེགས།། ཐལ་བར་འགྱུར་རོ་ཁ་སྒྱུར་སྐྲན་ལ་མཆོག།

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།