0971-8201019
མ་ཤོག > སྨན་སྦྱོར། > རིན་པོ་ཆེའི་སྦྱོར་བ། >

 

 

ཟངས་ཐལ་བཟོ་ཚུལ།

ཡོང་ཁུངས།      |   ཀློག་གྲངས།    

ཟངས་མེ་ལ་བསྲེགས་བདར་ཡང་ཡང་ལྟབ་ཀྱིན་བརྡུངས་ལ་སྲབ་མཐུག་སྦྲང་གཤོག་ཙམ་དུ་བྱུང་ནས་སེན་མོས་དུམ་བུ་གཏུབས་ལ། སིངས་པོའི་ནང་དུ་བཅུག་ལ་གཡའ་འདོན་ཞིང་དེ་ལ་ཚ་ལ་དང་མུ་ཟི་གཉིས་ཆང་ལ་སྦྱར་བ་རས་དང་ཟངས་བྱུགས་ནས། ཟངས་དེ་རས་ཀྱི་བར་མཚམས་ལ་སྒྲིགས་ནས་མཚམས་བཅད་དྲིལ་བ་དེ་ཉིད་ཀོང་བུ་བཟང་བོའི་ནང་བླུག་ལ་ཁ་ལེགས་པར་བཅད་གོང་བཞིན་བསྲེགས་པས་འགྲུབ་པ། ཡང་ན་ཟངས་སྦྲང་གཤོག་ཙམ་དུམ་བུར་གཏུབས་པ་དེ་ལ་ཚ་ལ་དང་། མུ་ཟི་སེར་པོ་གོང་ལྟར་གྱི་ཟན་རན་ཙམ་དུ་སྦྱར་ལ་དེ་ལ་ཟངས་བསྲེགས་ལ་དེར་འཕང་ལོ་ཆུང་ཆུང་སྲབ་མོར་བྱས་ལ་གོང་བུར་བླུག་ལ་ཁ་དུ་བ་མི་ཚོར་བར་ལེགས་བཅད་ལ། དངུལ་སོལ་བའི་མི་ཅང་ཚ་བ་མ་ཡིན་པའམ། ལྕི་བའི་མེ་ཀོང་ཚ་མོའི་དཀྱིལ་དུ་བསྲེགས་པས་ཐལ་བར་འགྱུར་བ་ཡིན།

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།