0971-8201019
མ་ཤོག > སྨན་སྦྱོར། > རིན་པོ་ཆེའི་སྦྱོར་བ། >

 

 

ལྡོང་རོས་དུག་འདོན།

ཡོང་ཁུངས།      |   ཀློག་གྲངས།    

དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུའི་སྦྱོར་བ་བཅས་ཀྱི་ལག་ལེན་ནག་འགྲོས་སུ་བཀོད་པ་ཟླ་བའི་འོད་ཟེར་ཁྲོལ་ཙམ་བརྡུངས་ནས་རས་ཐུམ་བྱ། རྫ་སྣོད་དུ་རའི་འོ་མ་སྙིམ་པ་དོ་ཙམ་བླུགས་པའི་ནང་དུ་འཛོམ་ན་ར་མཆིན་དང་།མ་འཛོམ་ན་ར་ཤ་གསར་རྙིང་གང་རུང་མཐེབ་ཚིགས་ཙམ་གཉིས་བཅས་ལྷན་དུ་འཕངས་ལ་ཕྱེད་འཐག་གི་བར་དུ་བསྐོལ། ར་འོ་ཕྱེད་ཙམ་འཐག་པ་དང་། ར་ཤ་འོ་མ་གཉིས་ག་སྲོག་ཆགས་ཀྱི་ཁར་མི་འགྲོ་བར་སར་སྦ། ཐུམ་པོ་ཁ་ཕྱེ་ལ་གཉིས་ལ་རྡོ་གཉིས་ལ་ཆུ་གྲང་གིས་ཡང་ཡང་བཤལ་ཞིང་བསྐམས་ནས་སྲང་ལ་བཏེགས་ཏེ་གོང་གི་ཁམས་ལྔ་དང་འདི་གཉིས་བཅས་ཁམས་བདུན་པོ་ཆ་སྙོམས་ནས་མང་ཉུང་མེད་པ་བྱེད་དགོས་བས། དཔེར་ན་གསེར་རྡོ་སྲང་གསུམ་བྱེད་ན། འཕྲོས་དྲུག་པོའང་སྲང་གསུམ་རེ་སྟེ་བསྡོམས་པས་སྲང་ཉེར་གཅིག་འབྱུང་། 

       
མུ་ཟི་སྐབས་འདིར་གཏོང་སྲོལ་མེད་ཅིང་། རྗེས་སོར་དངུལ་ཆུ་འཐག་སྐབས་རང་མཉམ་བཏང་བས་འཐུས། དངུལ་ཆུ་བཙོ་བཀྲུ་མ་སྦྱར་བས་སྨན་གཞན་ལ་ལ་ཁམས་བརྒྱད་ཐལ་བ་དགོས་པ་བྱུང་ན། མུ་ཟི་དུག་འདོན་བྱས་པ་གོང་གི་ཁམས་བདུན་པོའི་ཆ་མཉམ་འདིར་གཏོང་དགོས་པ་ཡིན། དེ་ནས་ཁམས་བདུན་པོའི་ཞིབ་པར་བཏགས་ནས་ཚགས་སུ་བཙགས་པའི་ཕྱེ་མ་དེ་ཞིབ་ཆ་བྱེད་ན་རྡོ་གཞོང་ལྟ་བུར་ཆུ་དང་སྦྱར་ནས་འདམ་འཐག་ཉིན་ཧྲིལ་པོ་གསུམ་ལ་བྱས་ནས་གྲིབ་སྐམས་བྱ། མ་ལྕོགས་ན་སྲེག་རྫས་རྣམས་དང་བསྲེས་བའི་ཕྱེ་མ་དང་ལྷན་ཅིག་འདམ་འཐག་རྗེས་ནས་འབྱུང་བ་དེ་ཁོ་ནས་ཀྱང་ཆོགསྲེག་རྫས་ནི། ཁམས་བདུན་པོའི་ལྗིད་མཉམ་གྱི་ཟེ་ཚ། བཞི་ཆ་གཅིག་གི་བོང་དཀར། དེའི་རྒྱ་གར་བོང་དཀར་གྱིས་སྲང་གྲངས་མ་ནོན་ན་ཁ་གསབ་ཇོ་བོང་དཀར་གྱིས་བྱ་ཆོག་ཀྱང་། ནུས་པ་དམན་པས་ལོག་པོ་ཙམ་གཏོང་། གང་ལྟར་ཟུར་དུ་བརྡུང་ཞིང་ཚགས་ལ་དྲངས། 

     
དེའང་དཔེར་ན། ཁམས་བདུན་ཕྱེ་མ་སྲང་ཉེར་གཅིག་ཡིན་ཚེ་ཟེ་ཚ་སྲང་ཉེར་གཅིག་བོང་དཀར་ཕྱེ་མ་སྲང་ལྔ་ཞོ་དོ་སྐར་ལྔ་བཅས་མཉམ་དུ་བསྲེས་ལ་མཚུར་གཉིས་ཀྱི་ཆུ་དང་སྣུམ་ནག་ཉུང་ཙམ་བཅས་རྡོ་གཞོང་དུ་འདམ་འཐག་ཉིན་གསུམ་ལ་བྱེད། དེ་ནས་མཐེབ་ཀྱུ་གྱོང་མོ་བཟོས་ལ་བསྐམས་པ་དང་། ས་འདོང་ཕྱེད་མ་ཁེངས་ཙམ་དུ་བླུགས་པར་བཤད་ཀྱང་གོང་གསལ་སྲེག་སྣོད་དུ་བསྲེག་བྱ་སྲང་བདུན་བླུགས་ལ་མེ་དལ་བུས་ཉིན་གཅིག་ཧྲིལ་བོར་བསྲེགའདིར་ཟེ་ཚ་མང་བས་རྫ་མས་ཐུབ་དཀའ་བ་དང་། འབར་གཏོར་གྱི་ཉེན་ཡོད་སྟབསབསྲེག་བྱ་མང་མི་རུང་བ་དང་། སྲེག་སྣོད་གྱི་ཁ་ཆོད་གོང་གནོན་རྡོའང་ལྕགས་བརྒྱད་སྐབས་ལས་ཆེ་དགོས་པ་དང་མེ་ཡང་དང་པོ་ཤེད་ཤིན་ཏུ་ཆུང་ལ་རིམ་བཞིན་ཆེ་རུ་བཏང་བ་དང་། ཡུན་བསྲིང་ན་འཚིག་ཆེ་སྐྱོན་དུ་འགྲོ་རྒྱུ་མེད

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།