0971-8201019
མ་ཤོག > ནད་མེད་ཚེ་བསྲིང་། > བྱིས་པའི་ཚེ་བསྲིང་། >

 

 

བྱིས་པའི་ནད་གསོ་བའི་སྨན་སྦྱོར་སྐོར།

ཡོང་ཁུངས།      |   ཀློག་གྲངས།    

བྱིས་པའི་ནད་བཅོས་སྨན་སྐོར་ལ། །ཅུ་གང་གུར་གུམ་གི་ཝང་ཀ་ར་སྦྱར། །བློན་པོ་སུམ་སྦྱོར་བྱིས་པའི་ཚད་པ་སེལ། །

བྱིས་སྨན་ག་བུར་བཅུ་གཉིས། ག་བུར་བསིལ་གསུམ་ཛཱ་ཏི་ཙན་དན་དཀར། །གི་ཝང་ག་དུར་སེ་འབྲུ་སྲ་འབྲས་མཚལ། །ཤུ་མོ་ཟ་དང་ཀ་ར་བཞི་འགྱུར་སྦྱར། །ཀྲི་ཀ་ཧན་ཞེས་བྱིས་པའི་རིམས་ཚད་སེལ། །

ཅུ་གུར་གི་གསུམ་ག་དུར་བོང་ང་དཀར། །གློ་མང་དེ་སྟེང་ཤིང་མངར་སྲོ་ལོ་དཀར། །འཁྲུགས་རིམས་ཧོང་ལེན་ཙན་དན་དཀར་པོ་བསྣན། །ཁྱད་པར་རིམས་སོགས་བྱིས་པའི་སྨན་གྱི་མཆོག  རིགས་ལྡན་ཆེན་པོས་གཅིག་ཤེས་ཀུན་གྲོལ་གསུངས། །

གློ་ཚད་ཀུན་སེལ། བསིལ་གསུམ་ཙན་དན་དཀར་དམར་ལི་ག་དུར། །དེ་ཉིད་གཞིར་བཞག་གཉན་ཚད་སེལ་བ་ལ། །གླ་བ་གུ་གུལ་འཛིན་པ་ཨ་རུ་ར། །དེ་བཞིན་གློ་ཚད་སེལ་བར་བྱེད་པ་ལ། །རུ་རྟ་མཚལ་དང་ཤིང་མངར་སྲོ་ལོ་སྦྱར། །འདི་ཡན་ལ་གློ་ཚད་ཀུན་སེལ་ཟེར། རླུང་ཚད་འདོམས་པའི་རི་ཐང་མཚམས་ཀྱི་ནི། །ཨ་གར་ཛཱ་ཏི་སླེ་ཏྲེས་སྒོག་ཐལ་སྦྱར། །བྱིས་པའི་དུས་སུ་གསུངས་ཀྱང་ཀུན་ལ་བསྔགས། །ཐོག་མ་སྨིན་པ་མཐའ་རི་ཐང་མཚམས་བར་གྱི་ཚ་བ་རྒྱས་པ་ཟས་སྤྱོད་མཁས་པར་བསྟེན། །

གོ་ཐལ་བདུན་པ་ཞི་བྱེད་དྲུག་པའི་སྟེང་། །གོ་ཐལ་བསྣན་པས་བད་ཀན་གྲང་བ་སེལ། །

སེ་འབྲུ་ཚ་བ་གསུམ་པོ་གཞིར་བཞག་སྟེང་། །ད་ཏྲིག་ཤིང་ཀུན་དབྱི་མང་ཁ་རུ་ཚ། །སེ་འབྲུ་བརྒྱད་པས་གྲང་ནད་མ་ལུས་སེལ། །གསུངས་སོགས་གང་འོས་ནད་བབས་བསྟུན་པ་གཅེས། །

ཞར་བྱུང་གདོན་བདུད་གདུག་པ་ཀུན་འཇོམས་ནི། །ཡུངས་ཀར་གླ་རྩི་གུ་གུལ་ཤ་ཆེན་དང་། །ཏིལ་ནག་ཤིང་ཀུན་མུ་ཟི་ནག་པོ་དང་། །རྟ་བོན་བོང་ང་ནག་པོའི་བདུག་པ་ཡིས། །གདོན་ཀུན་འཇོམས་ཞེས་བླ་མ་དགོངས་འདུས་གསུངས། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།