0971-8201019
མ་ཤོག > ནད་མེད་ཚེ་བསྲིང་། > བྱིས་པའི་ཚེ་བསྲིང་། >

 

 

བྱིས་པའི་བཟའ་བཏུང་བཀོད་སྒྲིག་བྱེད་པའི་རྩ་དོན།

ཡོང་ཁུངས།      |   ཀློག་གྲངས།    

         དང་པོ། བཟའ་བཏུང་བཀོད་སྒྲིག་བྱེད་དུས་ངེས་པར་དུ་བྱིས་པ་འཚར་ལོངས་འབྱུང་བའི་དགོས་མཁོ་ལ་དམིགས་ཏེ། བྱིས་པའི་དུས་སུ་འཚར་ལོངས་འབྱུང་བ་ཤིན་ཏུ་མྱུར་ཕྱིར། ཉིན་རེར་ངེས་པར་དུ་འཚོ་བཅུད་དངོས་རྫས་མང་པོ་བསྡུ་ལེན་བྱ་དགོས་ལ། ལྷག་པར་དུ་སྤྲི་དཀར་དང་སྐྱེ་མེད་ཚྭ་སོགས་ཀྱིས་ལུས་པོའི་གྲུབ་ཚུལ་ལ་མཁོ་འདོན་བྱ་དགོས་ཤིང་། འཚོ་བཅུད་གཞན་པ་ཡང་འོས་འཚམས་ཀྱིས་ཇེ་མང་དུ་གཏོང་དགོས། 
        གཉིས་པ། བཟའ་བཏུང་གང་ཉིད་འཇུ་ཐུབ་མིན་ལ་བལྟ་དགོས། ལོ་ཚོད་ཇི་ལྟར་ཆུང་ན་དྲོད་ཚད་དེ་ལྟར་མཐོ་དགོས་ལ། ཟས་འཇུ་བའི་ནུས་པའང་དེ་ལྟར་ཆུང་བ་ཡིན། སྤྱིར་བཏང་དུ་བྱིས་པར་གཤེར་ཟས་ཀྱི་རིགས་འཕྲོད་ཅིང་། རིམ་གྱིས་ཟས་རིགས་སྲ་མོ་རུ་བསྒྱུར་དགོས། 
       གསུམ་པ། འཚོ་བཅུད་ཆ་ཚང་ཡིན་དགོས་ལ་སྡེབ་ཁ་ལུགས་དང་མཐུན་པ། བསྡུར་ཚད་འོས་འཚམ་བཅས་ཡིན་དགོས། བཟའ་བཏུང་བཀོད་སྒྲིག་བྱས་པ་དོ་མཉམ་ཡིན་དགོས་ཏེ། དཔེར་ན་སྤྲི་དཀར་ཟས་རིགས་དང་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ཟས་རིགས་ཁོ་ན་སྤྱད་ན། བསྡུར་ཚད་ཉམས་ནས་འཚོ་བཅུད་ཞན་པའི་ནད་རིགས་འབྱུང་སྲིད། 
       བཞི་བ། བཟའ་བཏུང་གཡོས་སྦྱོར་བྱས་པ་ཞིབ་ཚགས་ཡིན་དགོས་ལ། བྲོ་བ་དང་ཁ་དོག དྲི་མ་སོགས་མཉམ་དུ་ལྡན་པར་བྱས་ཏེ། བྱིས་པའི་ཟས་ཀྱི་ཡི་ག་བསྐྱེད་དགོས། ཟས་ཀྱི་ཡི་ག་ལེགས་ན་མང་དུ་ཟ་ནུས་ལ་འཇུའང་སླ་བ་ཡིན། 
       ལྔ་བ། བཟའ་བཏུང་གང་ཉིད་འཕྲོད་བསྟེན་གྱི་རེ་བ་དང་མཐུན་དགོས་ལ། དུས་མཚུངས་སུ་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ལྡན་དགོས། 
བྱིས་པར་འཁྱགས་ཟས་མང་པོ་ཟ་རུ་འཇུག་མི་རུང་། 
       བྱིས་པས་འཁྱག་ཟས་མང་པོ་ཟོས་ན་མི་ལེགས་ཏེ། རྒྱུ་མཚན་ནི་ཁོ་ཚོའི་ཕོ་རྒྱུའི་རྩི་པགས་ཅུང་སྙི་མོ་ཡིན་པས་དྲོད་འཁྱག་གི་རིགས་དེ་ལ་ཤིན་ཏུ་གནོད་པས། གལ་ཏེ་འཁྱགས་ཟས་མང་པོ་ཟོས་ན་ཕོ་རྒྱུའི་ཁྲག་རྩ་གློ་བུར་དུ་སྐྱུང་འགྲོ་བ་དང་། ཕོ་བའི་ཟགས་ཁུ་ཇེ་ཉུང་དུ་འགྲོ་ལ་འཇུ་སྟོབས་ཉམས་ཏེ། འཇུ་སྟོབས་མི་ལེགས་པ་དང་ཕོ་ཚད་གཅོང་ནད། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་། གལ་ཏེ་ཐེངས་གཅིག་ལ་འཁྱག་ཟས་མང་པོ་ཟོས་ན་ཕོ་བར་ཟུག་གཟེར་ལངས་ནས་ན་ཟུག་ཆེན་པོ་འབྱུང་བ་ཡིན། གལ་ཏེ་བྱིས་པའི་ཁ་སྐོམ་ཚེ་རབ་ཡིན་ན་ཆུ་ཁོལ་མང་དུ་འཐུང་བ་ལས་འཁྱག་ཟས་རིགས་མ་ཟོས་ན་ལེགས།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།