0971-8201019
མ་ཤོག > ནད་མེད་ཚེ་བསྲིང་། > བྱིས་པའི་ཚེ་བསྲིང་། >

 

 

བྱིས་པའི་རྒྱུན་ལྡན་གྱི་སྤྱོད་ལམ་སྐོར།

ཡོང་ཁུངས།      |   ཀློག་གྲངས།    

གཅིག བྱིས་པའི་ཉལ་སྟངས་ལ་མཉམ་འཇོག་དགོས་པ་གང་དག་ཡོད། 

1.ཕྱོགས་གཅིག་ཏུ་བསྙལ་མི་རུང་། བྱིས་པའི་མགོ་རུས་སྲ་མོར་གྱུར་མེད་པས་མཉེན་ཞིང་འཇམ་ལ། དབྱིབས་འགྱུར་སླ་བ་ཡིན། དེའི་ཕྱིར་ཕྱོགས་གཅིག་ཏུ་ཡུན་རིང་བོར་བསྙལ་ན་ཀླད་པའི་དབྱིབས་འགྱུར་སྲིད་པ་ཡིན། དེས་ན་ཕ་མ་དང་མི་ཆེ་བས་རྒྱུན་དུ་མཉམ་འཇོག་བྱས་ནས་བྱིས་པ་གཡས་གཡོན་དང་གན་རྐྱལ་དུ་བསྙལ་རེས་བྱེད་དགོས་ལ། སྔས་མགོའང་སྲ་མཁྲེགས་ཅན་བཀོལ་མི་རུང་། 

2.ཁ་སྦུབ་ཏུ་བསྙལ་མི་རུང་། ཁ་སྦུབ་ཏུ་བསྙལ་ན་བྲང་ཁ་མར་གནོན་པས་དབུགས་འབྱིན་རྔུབ་དང་སྙིང་གི་འཕར་ལྡིང་ལ་བར་ཆད་ཐེབས་པ་ཡིན།

3.ཟ་མ་ཟོས་རྗེས་གན་རྐྱལ་ལམ་ཡང་ན་གཡས་ཕྱོགས་སུ་འཁོར་ནས་བསྙལ་དགོས། མིའི་ཕོ་བ་ནི་བྲང་ཁའི་གཡོན་ཕྱོགས་སུ་ཡོད་པས། གལ་ཏེ་གཡོན་ཕྱོགས་སུ་འཁོར་ཏེ་ཉལ་ན་ཕོ་བར་ཤུགས་རྐྱེན་ཐེབས་ཏེ་ཟ་མ་བཞུ་བར་གནོད་སྐྱོན་ཡོད་པ་ཡིན། 

གཉིས། བྱིས་པར་རྒྱུན་དུ་ལུས་པོ་བཀྲུ་རུ་བཅུག་ན་ཕན་ཐོགས་གང་དག་ཡོད། 

1.རྒྱུན་དུ་ལུས་པོ་བཀྲུ་སྐབས་ཆུ་འཁྱག་གིས་ལུས་པོ་བཀྲུ་བར་གོམས་སུ་བཅུག་ན་དྲོས་འཁྱག་ཏུ་མི་འགྲོ་ལ། ཆམ་པ་དང་པགས་ནད་སོགས་འབྱུང་བ་སྔོན་འགོག་བྱེད་ཐུབ། 

2.ལུས་པོ་བཀྲུ་སྐབས་ལག་ཕྱིས་འཇམ་པོ་ཡིན་དགོས་ལ། འདག་རྫས་མང་པོ་མི་བཀོལ་བ། 

3.སྤྱིར་བཏང་དུ་མི་མང་པོས་མཉམ་བཀོལ་བྱེད་པའི་ཁྲུས་རྫིང་དུ་མི་བཀྲུ་བར་ལོགས་སུ་བཀར་ནས་བཀྲུས་ན་པགས་ནད་འགོ་བ་སྔོན་འགོག་བྱེད་ཐུབ། 

4.རྒྱུན་པར་ཉི་མར་ལྡེ་ན་སྐྱི་པགས་བདེ་ཐང་དང་ལུས་ཀྱི་ཤ་གནད་རྒྱས་ཐུབ། 

5.ལུས་སྟེང་གི་རྔུལ་ཆུ་དང་། པགས་ཤུན། ས་རྡུལ་སོགས་མི་གཙང་བའི་རྫས་རྣམས་འདག་པར་བྱེད་པ།

6.ཁྲག་རྩ་འཁོར་རྒྱུག་བྱེད་པར་ཕན་པ། དབང་པོ་ཇེ་གསལ་དང་ལུས་པོ་ཇེ་བདེར་འགྲོ་བ་བཅས་ཡིན།

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།