0971-8201019
མ་ཤོག > ནད་མེད་ཚེ་བསྲིང་། > དར་མའི་ཚེ་བསྲིང་། >

 

 

སྦྲུམ་མའི་འཚོ་བཅུད་སྡེབ་སྟངས།

ཡོང་ཁུངས།      |   ཀློག་གྲངས།    

        དང་པོ། བཟའ་བཏུང་སྙོམས་སྡེབ། བཟའ་བཏུང་གི་སྡེབ་ཀར་མཐོང་ཆེན་བྱེད་དགོས་ཤིང་། ཉ་དང་ཤ། སྔོ་ཚོད་དང་ཤིང་ཏོག་ཐམས་ཅད་ཆ་སྙོམས་སུ་ཟ་དགོས་པ་ལས་གཅིག་ཟ་བ་དང་ཅིག་ཤོས་མི་ཟ་བ་སོགས་མི་བྱེད་པ། བཟའ་བཏུང་དུ་ཟས་བཅུད་མི་འདྲ་བ་སྣ་ཚོགས་འཛོམས་དགོས་པ་ཡིན། 

        གཉིས་པ། མངལ་སྦྲུམ་པའི་དུས་རིམ་མི་འདྲ་བར་དགོས་ངེས་ཀྱི་འཚོ་བཅུད་ཀྱང་མི་འདྲ་བ་ཡིན། མངལ་ཐོག་མར་སྦྲུམ་པའི་ཟླ་ངོ་གསུམ་ཙམ་གྱི་རིང་ལ་བྱིས་པ་ནར་སོན་པ་ཅུང་དལ་མོད། མངལ་སྦྲུམ་པའི་གནད་འགག་གི་དུས་ཡིན་པས་ཟས་ཉུང་ངུར་ཟོས་ན་ལེགས་པ་དང་། སྣུམ་རིགས་ལ་འཛེམ་དགོས་ལ་སྤྲི་དཀར་གྱི་རིགས་ཁ་གསབ་བྱ་དགོས། མངལ་སྦྲུམ་ནས་དུས་དཀྱིལ་ལ་སླེབས་དུས་ཟས་ཀྱི་ཡི་ག་འབྱེད་པ་དང་བྱིས་པ་འཚར་ལོངས་འབྱུང་བ་ཅུང་མྱུར་བས། ཉིན་རེར་ཟས་ཐེངས་གསུམ་ལ་ཟ་བ་ལས་དགོས་ངེས་ཀྱི་སྐབས་སུ་ད་དུང་མང་དུ་ཟ་དགོས། མངལ་སྦྲུམ་པའི་དུས་མཇུག་ལ་སླེབས་དུས་ཆུ་དང་ནཱ་རྫས་ལས་ཆུ་སྐྲངས་འབྱུང་ལ་ཟ་མ་དྭངས་མོའི་རིགས་ཟོས་ན་ལེགས། ཚི་ལི་དང་ཀ་རའི་རིགས་ལ་འཛེམ་ན་སྦྲུམ་བུའི་ལུས་གཞི་ཆེར་མི་བསྐྱེད་པས་བཙས་སླ། 

        གསུམ་པ། ལུས་ལ་གནོད་པའི་ཟས་རིགས་ཉུང་དུ་ཟ་བ། ཟས་ཁ་ཚ་བ་དང་ཇ་ནུར་མོའི་རིགས་ལ་འཛེམ་པ། ཆང་མི་འཐུང་བ་སོགས་བྱས་ཏེ་གཅི་འགག་སྔོན་འགོག་བྱེད་དགོས། 

       བཞི་བ། སྦྲུམ་མས་གང་འདོད་ལྟར་རང་ཉིད་ཚོ་གསོག་པར་འཛེམ་སྟེ་ཟས་ཉུང་ཉུང་ཟོས་ན། མཇུག་འབྲས་སུ་འཚོ་བཅུད་མ་འདང་བའི་སྐྱོན་འབྱུང་སྲིད། མངལ་སྦྲུམ་པའི་དུས་མཇུག་དང་ནུ་ཞོ་ལྡུད་དུས་སྦྲུམ་མར་ཚོ་གསོག་པ་རྒྱུན་ལྡན་ཞིག་སྟེ་དེ་ནི་བདེ་ཐང་གི་མཚོན་རྟགས་ཤིག་ཡིན། རྒྱུ་མཚན་ནི་ཨ་མས་ཚི་ལི་གསོག་ནས་སྦྲུམ་བུ་ལ་དགོས་ངེས་ཀྱི་འཚོ་བཅུད་མཁོ་འདོན་བྱ་དགོས། བྱིས་པ་བཙས་རྗེས་ལུས་རྩལ་སྦྱོང་བརྡར་ལ་ཧུར་ཐག་གིས་འབད་ན་སྔར་བཞིན་མཛེས་ཤིང་བདེ་ཐང་ཡིན་པའི་ལུས་གཞི་སླར་གསོ་བྱེད་ཐུབ། 

སྦྲུམ་མས་ཀ་ར་ནག་པོ་ཟོས་ན་བཟང་། 

        ཀ་ར་ནག་པོ་ནི་བུ་རམ་ཤིང་དང་མངར་ཚལ་ལ་བཙོ་སྦྱངས་བྱས་ཏེ་བྱུང་བའི་ཐོན་རྫས་གཙང་མ་ཡིན་པས་འཚོ་བཅུད་ཅུང་མང་བ་ཡིན། ཀ་ར་ནག་པོའི་ནང་གི་ལྕགས་རྡུལ་ཕྱེ་མ་ཀ་ར་ལས་ལྡབ་གསུམ་གྱིས་མཐོ། ཏི་ཚ་ལྡབ་ལྔ་ཡིས་མཐོ། ལིན་ལྡབ་དྲུག་ཅུ་ཡིས་མཐོ། གཞན་ཀའེ་རྫས་ཡང་མང་ཙམ་ཡོད་པ་ཡིན། དེ་ཡང་ལྕགས་རྡུལ་ནི་ཁྲག་བསྐྱེད་པའི་རྒྱུ་གཙོ་བོ་ཡིན། ཏི་ཚ་ནི་སྦྲུམ་བུ་ནར་སོན་པ་དང་གསང་མཚན་སྐྱེད་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པར་མ་ཟད་ཡི་ག་ཡང་འབྱེད་ཐུབ་པ་ཡིན། ཀའེ་དང་ལིན་ནི་སོ་དང་རུས་པ། དབང་རྩ་སོགས་སྐྱེད་བྱེད་ཀྱི་རྒྱུ་གཙོ་བོ་ཡིན། ཀ་ར་ནག་པོའི་ནང་གི་རྒུན་འབྲུམ་གྱི་མངར་ཆ་ཡིས་སྦྲུམ་མའི་དྲོད་ནུས་སྐྱེད་ཐུབ།

       ཀྲུང་ལུགས་གསོ་རིག་ལྟར་ན། ཀ་ར་ནག་པོའི་རང་བཞིན་འཇམ་ཞིང་མཚེར་བར་ཕན་པ། རླུང་དང་ཟས་འཇུ་བར་ཡང་ཕན། དེ་ཡིས་མཚེར་བའི་སྟོབས་བསྐྱེད་པ་དང་ཕོ་བའི་མེ་དྲོད་གསོ་བ། གྲང་བ་འཇོམས་པ་དང་ན་ཟུག་གཅོག་པ། ཁྲག་གི་འཁོར་རྒྱུན་བསྐྱེད་ཅིང་འགག་ལམ་བཤང་བ། བུ་སྣོད་ངོས་ཀྱི་ཁྲག་རིལ་དག་ཕྱི་འདོན་བྱས་ཏེ་བུ་སྣོད་སོས་སུ་འཇུག་པ་ཡིན། གཞན་ཡང་ཀ་ར་ནག་པོ་གཅིན་པར་ཡང་ཕན་པས་བྱིས་པ་བཙས་མ་ཐག་གི་བང་མ་ལ་ཤིན་ཏུ་འཚམ་པ་ཡིན། 

སྦྲུམ་མས་སྐྱེ་དངོས་ཀྱི་སྣུམ་མང་ཙམ་ཟོས་ན་བཟང་། 

      བཙས་མ་ཐག་པའི་བྱིས་པ་རློན་ནུ་དང་དེ་ལས་ཅུང་ཆེ་བའི་བྱིས་པ་རྣམས་ལ་པགས་ནད་འབྱུང་སླ་ཞིང་། རློན་འབྲུམ་གྱི་པགས་ནད་ལྷག་ཏུ་འབྱུང་སླ། ནད་འདི་སྦྲུམ་མས་མངལ་སྦྲུམ་པའི་སྐབས་སུ་སྐྱེ་དངོས་ཀྱི་སྣུམ་ཟོས་པ་ཉུང་བ་དང་འབྲེལ་བ་དམ་ཟབ་ལྡན། 

       ཚིལ་སྐྱུར་ནི་མི་ལུས་སུ་ངེས་པར་དུ་དགོས་པའི་འཚོ་བཅུད་ཡིན་ཞིང་། འཚོ་བཅུད་འདི་སྐྱེ་དངོས་ཀྱི་སྣུམ་ནང་དུ་ཅུང་མང་། མི་ལུས་སུ་འཚོ་བཅུད་འདི་དཀོན་པ་ན། སྐྱི་པགས་རྩིང་ཞིང་དབུ་སྐྲ་སྐམ་ཤས་ཆེ་བ། བྱིས་པར་པགས་ནད་འབྱུང་སླ་བ་ཡིན། ཁྲག་ལ་བརྟག་དཔྱད་བྱས་པ་ལྟར་ན། རློན་འབྲུམ་ཕོག་པའི་ནད་པའི་ཁྲག་ནང་ཚིལ་སྐྱུར་ཉུང་བ་ཡིན། 

སྦྲུམ་བུ་ལ་མཁོ་བའི་ཚིལ་སྐྱུར།

       སྦྲུམ་བུ་ལ་མཁོ་བའི་ཚིལ་སྐྱུར་དེ་སྦྲུམ་མའི་ལྟེ་ཐག་བརྒྱུད་ནས་བསྡུ་ལེན་བྱེད་པ་ཡིན་པས་སྦྲུམ་མས་སྐྱེ་དངོས་ཀྱི་སྣུམ་མང་ཙམ་ཟོས་ན་སྦྲུམ་བུའི་སྐྱི་པགས་དང་མགོ་སྐྲ་ལ་ཕན་པ་ཡིན། དེ་ལྟར་བཤད་པ་ཙམ་གྱིས་སྲོག་ཆགས་ཀྱི་སྣུམ་མ་ཟ་ཞེས་པ་མིན་ལ། སྲོག་ཆགས་ཀྱི་སྣུམ་ནི་ཚིལ་ཞུན་རང་བཞིན་ཅན་གྱི་འཚོ་བཅུདAདངDཡི་འབྱུང་ཁུངས་གཙོ་བོ་ཡིན། འཚོ་བཅུདAདངDགཉིས་ནི་བྱིས་པའི་མིག་དབང་དང་རུས་པ་སྨིན་བྱེད་ཀྱི་རྒྱུ་རྫས་གཙོ་བོ་ཡིན། དེའི་ཕྱིར་འཚོ་བཅུད་ཀྱི་ཕྱོགས་ཐམས་ཅད་ལ་མཐོང་ཆེན་གྱིས་བསྡུ་ལེན་བྱས་ན་ཤིན་ཏུ་བཟང་། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།