0971-8201019
མ་ཤོག > ནད་མེད་ཚེ་བསྲིང་། > རོ་ཙ་དང་བཅུད་ལེན། >

 

 

རོ་ཙའི་སྨན་སྦྱོར་སྐོར།

ཡོང་ཁུངས།      |   ཀློག་གྲངས།    

རོ་རྩ་སྟོབས་བསྐྱེད་སྨན་སྐོར་ནི། །མདའ་ཕུར་གྲགས་པའི་ད་བྱིད་བཅུ་གསུམ་ནི། །ད་བྱིད་སྨུག་པོ་༠m༥m༠དབང་ལག་༠m༥m༠འབྲས་དཀར་༠m༡m༠དང་། །གསང་བའི་ཤ་ཆེན་༠m༢m༠དཔལ་ལུགས་རྒྱ་མཆིལ་མགོ་དམར་ཤ སྡེ་སྲིད་ལུགས་མི་དབང་འབྲས་བུ་སྲམ་སྦྲུལ་༠m༡m༠གཙང་པ་དང་༠m༡m༠། །ཐུག་འབྲས་༠m༡m༠འཕྱི་བ་༠m༡m༠ཕུག་རོན་༠m༡m༠ནས་ཟན་ཤ༠m༡m༠། ཁྱིམ་བྱ་༠m༢m༠དབྱར་རྩ་རྩྭདགུན་འབུ་ལ་སོགས་བསྣན། །ཆ་མཉམ་རྩི་བཞིན་བཏགས་ལ་སྦྲང་རྩི་དང་། །སྦྱར་བ་ཐོ་རངས་དུས་བཏང་རོ་རྩ་ནི། །ལུས་ཀྱི་སྟོབས་བསྐྱེད་ཀུན་གྱི་མཆོག་ཡིན་ཞེས། །བོད་སྨན་མདའ་ཕུར་གྲགས་པའི་ཉམས་མྱོང་ལུགས། །སྦྱར་ཚད་དུག་འདོན་ལ་སོགས་ཞལ་ལས་ཤེས། །ལག་ལེན་ཤ་རྣམས་ཞིབ་བཏགས་གླ་བའི་རྩི། །སེ་བ་གཉིས་ཙམ་ཆུར་སྦང་ཤ་རྣམས་བཏབ། །མེ་ཉོར་ནང་བཞག་ཚར་ཤིང་ཐུར་མས་དཀྲུགས། །ཆུ་ཐིམ་དུག་ཐོན་ཆུ་འདྲེག་མེད་པར་བྱ། །རྣོ་འདོན་གཙང་གཡེར་རྒྱ་ཚ་སེ་འབྲུ་བསྡེབ། །

ཡང་ན་བྱང་ལུགས་རོ་རྩ་སྦྱར་བའི་ཐབས། །བ་ཡི་འོ་མ་ལེགས་བསྡུས་ཁཎྡྲི་བྱ། །ད་བྱིད་སྨུག་པོ་རྒྱ་མཆིལ་དེ་ཕོའི་ཤ  ཐུག་ལུག་འབྲས་འདོད་པ་མ་སྤྱོད་སྤྱདཔ་བྱུང་ན་རབ་གསེར་མདོག་ཨ་རུ་ཉེ་བའི་རྩ་བ་བརྒྱ་པ་ཤིང་། །ཏིལ་དཀར་འོད་ལྡན་ཅོང་ཞི་ཞོ་རེའི་ཚད། །དབང་ལག་ཞོ་གསུམ་སྦྱར་བའི་རིལ་བུ་ནི། །ལུང་ཐང་ཆེ་བ་ཙམ་རེ་ཐོ་རངས་མུར། །ལུས་ཀྱི་སྟོབས་བསྐྱེད་བཀྲག་མདངས་དབང་པོ་གསལ། །འདོད་ལྡན་སྐྱེ་བོའི་དགའ་བ་ཟད་མི་ཤེས། །ཚེ་རིང་ནད་མེད་རིགས་བརྒྱུད་རྒྱུདཕུན་སུམ་ཚོགས། །

ད་བྱིད་གསང་བ་དགུ་སྦྱོར་ནི། །གཙོ་བོ་གངས་ཀྱི་གངས་སྦལ་ཤ་ད་བྱིད་དང་། །དེ་བཞིན་གཡའ་གོང་མོའི་ཤ་དང་མཁར་མཆིལ་བ་དང་རྩ་ལང་ཐང་རྩེདང་ནི། །ཆུ་ཉ་སྦལ་ཤ་དང་རྡོ་ཅོང་ཞི་དམར་པོ་དང་ཀླུང་གཙང་པའི་ཤ་དང་ཤིང་ཤིང་མངར་ཤ་བྱ་ཕོའི་ཤ་བཅས། །ད་བྱིད་དགུ་ལ་རྣོ་འདོགས་ར་གསུམ་ཨ་བར་སྐྱུར་གསུམ་སྦྱར། །ལེགས་བཏུལ་སྦྲང་སྦྱར་རིལ་བུ་ལུང་ཐང་ཙམ། །རབ་ཏུ་མྱུར་བའི་རྟར་བསྐྱོན་བསྟེན་བྱས་པས། །ནུབ་རེར་བུད་མེད་བརྒྱ་ལ་སྤྱོད་གྱུར་ཀྱང་། །བ་ཚ་ཅན་གྱི་ཆུ་ལ་འཐུང་བ་བཞིན། །སྤྱོད་ཀྱང་སྲིད་པ་འཕེལ་བར་འགྱུར་ཞེས་གླེང་། །འདི་ཡི་གཙོ་བོ་གུར་གུམ་ལ་བྱས་ན། །ནད་མེད་སྲིད་འཕེལ་མན་ངག་ཡིན་ནོ་གསུངས། །

ཡང་གཅིག་ད་བྱིད་གསང་བ་དགུ་སྦྱོར་ནི། །ཆུ་མགོ་ཁོག་སྟོད་ཆེ་བ་ཉ་སྦལ་ཤའོ་དང་རྡོ་མདུང་རྩེ་དང་ཤ་གངས་སྦལ་དང་གསུམ། །བྱ་ཁྱིམ་བྱ་མཚལ་ལུ་དང་མཁར་རྒྱ་མཆིལ་མགོ་དམར་དང་ཀླུང་རྩངས་པའི་ཤ་དང་གསུམ། །གཡའ་གོང་མོ་དང་སྨན་ཨ་རུ་དང་སྔོ་བྲེག་བྲེག་དང་གསུམ། །ད་བྱིད་གསང་བ་དགུ་སྦྱོར་འདི། །འདབ་ཆགས་ཐ་མའི་མར་ལ་སྦྱར། །གང་གིས་ཟོས་པར་གྱུར་པ་དེ། །སྟོབས་ནི་གླང་པོ་ཆེ་དང་མཉམ། །མདོངས་མདངསནི་རྨ་བྱ་ལྟ་བུར་འགྱུར། །ཚེ་ནི་ཉི་ཟླ་དག་དང་མཉམ། །བང་ནི་རྟ་དམར་མགྱོགས་པའོ། །འདོད་ཆགས་མེ་ལྟར་འབར་བ་སོགས། །སྨན་འདིའི་ནུས་པ་བསམ་མི་ཁྱབ། །

རྒྱ་ནག་སྟོང་ཀུན་རྒྱལ་པོའི་ལུགས། །སྲོ་མ་སེང་གེའི་ཟབ་གནད་སྟོན། །ཐང་ཕྲོམ་སེར་ཙམ་བརྔོས་པ་ཐུན་བཟང་རེ་དཀར་པོའི་མེ་ཏོག་འབྲས། །ཤ་སྦྲང་མིག་པོ་ཆེ་རྒྱ་རྩངས་པ་ཤ་ཀླད་པ་དང་། །བོད་རྩངས་རླུང་འགམ་དེ་ཕོ་བྱ་ཕོ་ཕུག་རོན་མཆིལ་རྒྱ་མཆིལ། །བོད་མཆིལ་ཤ་ཀུན་ཀྱང་གྲི་ཤི་རེད་པ་ལ་སོགས་ཀླད་པ་བསྣན། །བྱ་ཕོའི་ངར་སྒོང་གོ་བོའི་གྲེ། གསེར་མདོག་ཨ་རུ་རྩི་པོ་སྲན་མ་གསུམ་ཙམ་བྱི་བའི་མཇུག  ཞུམ་འབྲས་ཕོ་ལི་སྟག་རིས་ཅན་གྱི་མཇུགསུག་སྨེལ་ཐུན་གཅིག་རྒྱ་ཚ་ཐུན་གཉིས་ཛཱ། །ཐུན་གཅིགམཁལ་ཞོ་དཀར་པོ་སྲན་མ་ཙམ་ཤིང་མངར་སྲན་མ་ཙམ་ལྕམ་པའི་འབྲུ་ཐུན་ལོག སྡིག་པ་ཐུན་ལོག་སྨན་སྒ་ཅུང་ཟད་སྐྱེས་པ་དར་མའི་ཐིགལེ གཙང་གཡེར་རྡོག་ལྔ་ཐལ་ཀ་ཐལ་ཀ་རྡོ་རྗེ་རྡོག་བདུན་ཚད་ལྡན་སྦྱར། །རིལ་བུ་ཀ་ར་མཐེབ་ཚིགས་ཙམ་བཅས་རྩི་བཞིན་བཏགས་ལ་རིལ་བུར་དྲིལ་ཞལ་ཤེས་ལྟར་དུ་དྲིལ། །སྨན་རྟ་ཨ་རག་བཟང་པོའམ། །འོ་དྲོན་གྱིས་འཕུལ་ཕུལཕན་ཡོན་ནི། །མདངས་གསལ་ལུས་ཟུངས་ཆེར་བསྐྱེད་ཅིང་། །ཚེ་རིང་སྐྲ་དཀར་གཉེར་མ་མེད། །རྒས་ཀྱང་གཞོན་ནུ་ལྟ་བུར་འགྱུར། །བཅུད་ལེན་རོ་ཙའི་རྒྱལ་པོ་སྟེ། །ཆུ་ལྷའི་ལྕེས་ཀྱང་བརྗོད་ནུས་མིན། །

ༀ་ཨ་ཐཱ། རོ་ཙ་ཡོན་ཏན་རྒྱ་མཚོ་ནི། །དབྱར་རྩྭ་འོད་ལྡན་ད་ལི་ལིསལུག་མུར་སྨན་མཆོག་བཞིའི། །རྟོགས་བརྗོད་འཁྲུངས་དཔེ་རིགས་ལ་སོགས། །རྒྱས་པ་བྱེ་རིལ་རིངགཞུང་ལས་ལོངས། །དོན་བསྡུས་སྦྱོར་བ་འདི་ལྟར་འདོད། །དབྱར་རྩ་རྩྭདགུན་འབུ་དུས་བརྐོས་ཀྱི། །རྩ་བ་ས་མེད་ཁྲུམ་བརྡུངས་པ། །གཙང་གཡེར་ཞིབ་བཏགས་ཕབས་རྩི་བྲན། །མཆིལ་པའི་ཁོག་པ་བཀང་ལ་བཙོས། །གསེར་མདོག་བཟང་བ་གཅིག་གི་ཕྱེད། །ལུག་གི་འོ་མ་བྲེ་གང་རྣམས། །ལྕགས་སྣོད་ཁུ་བར་རང་ཐིམ་བཙོ། །དེ་ནི་སླར་ཡང་མ་ཚིག་པར། །དལ་བུས་མེ་ཡི་དྲོད་ལ་སྐམ། །བརླན་དང་བྲལ་ནས་ཞིབ་པར་བཏགས། །ཁ་ཚར་བཟང་དྲུག་ཕོ་བ་རིས། །གི་ཝང་དོམ་མཁྲིས་ཆིག་ཐུབ་འབྲུ། །གསང་བ་སྨན་གཅིག་ཐུན་བཟང་རེ། །གངས་སྦལ་བཟང་བོ་རྙེད་ཀྱང་བསྲེ། །ཞིབ་བཏགས་སྦྲང་རྩིའི་རིལ་བུ་ནི། །ལུག་གི་རིལ་མ་ཙམ་དུ་དྲིལ། །ཐོ་རངས་ཨ་རག་གར་ཆང་གཉིས། །གང་འབྱོར་ཀ་ར་སྦྱར་བས་འཕུལ། །ཟླ་གཅིག་བསྟེན་པས་ཆགས་སྤྱོད་དང་། །རྗེན་པ་སྔོ་ངད་རུལ་སུངས་སྤངས། །དཀར་དང་མངར་སོགས་གསར་བཅུད་བསྟེན། །ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །ཁྱད་པར་རོ་ཙའི་དོན་མཆོག་བྱེད། །ལུས་ཀྱི་ཟུངས་བདུན་རྒྱས་པ་ཡིས། །རིགས་སྤེལ་བཀྲག་མདངས་དབང་གསལ་འགྱུར། །

འདོད་ལྡན་རྟག་ངུའི་སྦྱོར་བ་ནི། །དེ་ཡང་རིགས་མང་གཙོ་བོ་ནི། །མེ་ཏོག་སེར་པོ་སྡོང་ལོ་རྣམས། །སུམ་ཏིག་འདྲ་ལ་ཟིལ་ཆགས་པའི། །མེ་ལོ་རྩ་བཅས་ནང་དུ་བཏུས། །རུལ་སུངས་མེད་པར་གྲིབ་སྐམ་པ། །བྲེ་དོའི་ཚད་ལ་ཨ་རུ་ར། །བརྒྱ་དང་བ་རུ་ཉི་ཤུ་ལྔ། །སྐྱུ་རུ་ཁྱོར་དོ་དབང་པོ་ལག  ཁྱོར་གསུམ་པི་ལིང་ཁྱོར་པ་ཕྱེད། །འདི་རྣམས་ཁྲམ་བརྡུང་ཆུ་བཟང་གདུ། །ཁུ་ཕྱུང་དྭངས་མར་མཛོ་མོ་ཡི། །འོ་མ་བྲེ་གང་མར་གསར་སྲོང་ནི། །བྲེ་དོ་རིམ་བཏང་སྨན་མར་གྱི། །ཕྱག་ལེན་དཀྱུས་བཞིན་མར་ཁུ་ལ། །སྦྲང་བུར་བསླད་མེད་ཕུལ་དོ་དོ། །ངད་ཡལ་སྟེང་དུ་གསེར་མདོག་གཅིག  སེ་འབྲུ་སུག་སྨེལ་ཤིང་ཚྭ་དང་། །པི་ལིང་གུར་གུམ་རྒྱ་ཚ་དྲུག  གསུམ་གསུམ་ཐུན་ལ་རྒྱལ་མོ་དཀར། །བུབ་བུབསགཅིག་ཞིབ་བཏགས་ཁ་ཚར་གདབ། །འདྲེས་དཀྲུགས་སྣོད་བཟང་པར་བུར་བཅངས། །མེ་དྲོད་བཟང་ན་ཐོ་རངས་དང་། །ངན་ན་དྲོས་དང་སྲོད་ཀྱི་དུས། །ཁམ་རེ་བསྟེན་ཞིང་ལུས་འཆག་འབད། །ཟས་སྤྱོད་སྤྱི་འདྲར་བཅུད་ལེན་མཆོག  བད་མཁྲིས་ལ་ཡང་མི་གནོད་ཅིང་། །ལུས་སྟོབས་བསྐྱེད་སོགས་ཉེས་མེད་ཀྱི། །ཡོན་ཏན་ཀུན་ལྡན་འདི་འདྲ་ནི། །དངུལ་ཆུ་ལྷང་ཚེར་བཅུད་ལེན་ཙམ། །བད་མཁྲིས་དུག་རོ་ཅན་རྣམས་ལ། །ཤ་སྦྱར་སྤང་གསུངས་དེ་ཡི་ཕྱིར། །འདི་ལོངས་སྨན་རྒྱལ་ཆོས་རྗེས་གསུངས། །

བདུད་རྩི་ད་ལིའི་ལིསབཅུད་ལེན་ནི། །མེ་ཏོག་དཀར་དམར་རྒྱས་དུས་བཏུ། །མ་རུལ་མ་སུངས་གྲིབ་སྐམ་བྱ། །གཞན་དྲིས་མ་རྨས་ཕོགགཙང་སར་སྦ། །དེ་ཉིད་རྩི་བཞིན་ཞིབ་བཏགས་ལ། །དཀར་གསུམ་མངར་གསུམ་ཆ་མཉམ་གྱི། །ཁུ་བས་སྦྲུས་ལ་ཤ་རིལ་ཙམ། །རིལ་བུར་དྲིལ་ཏེ་གྲིབ་སྐམ་བྱ། །ཡང་ན་སྦྲང་དཀར་སྦྱར་བ་ཤིས། །རིན་ཆེན་སྣོད་བླུག་རབ་གནས་བྱ། །ཡི་དམ་ཡབ་ཡུམ་སྦྱོར་མཚམས་ནས། །བདུད་རྩི་བསྟིམ་ཞིང་སྙིང་པོ་བཟླ། །མི་ལག་མི་འགྲིམ་དམ་ཚིག་ཡིན། །གཟའ་ཚེས་སྐར་བཟང་མགོ་བརྩམས་ཏེ། །དབེན་པར་མཚམས་བཅད་རིལ་བུར་བསྟེན། །དང་པོ་ལྟོ་སྟོང་རེ་རེ་ཟ། །ལྟོ་བ་འདྲིས་ན་ཇེ་མང་བཏང་། །སྔོ་ངད་རུལ་སུངས་ཆང་སྐྱུར་དང་། །གཡེར་མ་སྒོག་བཙོང་མ་གཏོགས་པའི། །ཁ་ཟས་གཞན་དང་སྤེལ་ཀྱང་རུང་། །དཀའ་ཐུབ་བྱེད་ན་རིམ་པ་བཞིན། །རྩམ་པའི་ཆ་འཕྲི་རིལ་བུར་བསྐྱེད། །རྟ་ནི་ཆུ་བསྐོལ་ཁོ་ན་ཤིས། །རྒྱུན་དུ་གཏུམ་མོའི་མེ་དམིགས་བསྒོམ། །རླུང་རྩོལ་འཁྲུལ་འཁོར་འབད་པ་དང་། །གྲིབ་ལ་འཛེམ་པ་ཤིན་ཏུ་གཅེས། །འདི་ཡི་ཡོན་ཏན་བསམ་མི་ཁྱབ། །ཚེ་རིང་ནད་མེད་ལུས་སྟོབས་རྒྱས། །ཁམས་འཕེལ་སྐྲ་དཀར་གཉེར་མ་སྤང་། །བཀྲག་གསལ་བཞིན་མཛེས་ཀུན་ཡིད་འཕྲོག  ལྷ་འདྲེ་མི་གསུམ་དབང་དུ་སྡུད། །དཔའ་བོ་མཁའ་འགྲོ་གྲིབ་བཞིན་འདུ། །རྨི་ལམ་འོད་གསལ་སྒྱུ་ལུས་ཀྱི། །བོགས་འདོན་འདི་ལས་ཟབ་པ་མེད། །མཚུངས་མེད་གཡུ་རོང་རྣམ་གཉིས་གསུངས། །

བདུད་རྩི་ལུག་མུར་བཅུད་ལེན་ནི། །ཕོ་རིགས་ལོ་སྐམ་དུས་བརྐོས་པ། །འབུ་མེད་མ་རུལ་མ་སུངས་པ། །ས་དང་མ་འདྲེས་ཤིན་ཏུ་གཅེས། །དེ་ནས་ལ་ཕུག་བརྡར་བ་ལྟར། །ལབ་བརྡར་དག་ལ་ཞིབ་པར་བརྡར། །རྡུལ་མེད་གཙང་སར་གྲིབ་སྐམ་བྱ། །སྐམ་ནས་ཞིབ་བཏགས་སྣོད་བཟང་བཅངས། །མི་ལ་མི་བསྟན་ཤིན་ཏུ་གསང་། །དབེན་པར་མཚམས་བཅད་འདི་ཉིད་བསྟེན། །བདུད་རྩིར་བྱིན་གྱིས་བརླབས་པ་ལྟར། །སྔགས་དམིགས་ཕྱག་རྒྱ་རབ་གནས་བྱ། །ཟས་ནི་རིམ་གྱིས་ཆ་འཕྲི་ནས། །བཅུད་ལེན་རིམ་པ་བསྐྱེད་ལ་བཏང་། །ཟས་དང་སྡེབ་ཀྱང་འགལ་བ་མེད། །བཙོ་ཟན་སྐྱོ་ཚ་གང་རུང་བྱ། །སྐྱོ་ཚ་བྱེད་ན་ཐུར་མགོ་གསུམ། །ཆུ་ཕོར་དོར་སྟབས་ཚྭ་དང་ནི། །མར་སྡོར་ཅུང་ཟད་དང་ལྡན་པས། །གདུས་ལ་དུས་གསུམ་འཐུང་བ་སྟེ། །གམ་ནས་ཚྭ་རྡོར་སྡོརམེད་ཀྱང་རུང་། །ཕྱེ་མ་ཟན་ཆང་གང་འོས་དཔྱད། །སྒོ་གསུམ་ཏིང་འཛིན་ལྡན་པར་གཟབ། །གེགས་སྐྱོན་མི་འབྱུང་དངོས་གྲུབ་མྱུར། །རྩལ་སྟོབས་མདངས་དབང་ཚེ་དང་ལྔ། །སེང་གེ་གླང་ཆེན་ཅང་ཤེས་རྟ། །རྨ་བྱ་ཉི་ཟླའི་ཚེ་ལ་འཁུ། །ཉམས་རྟོགས་རིག་རྩལ་ཡེ་ཤེས་སྐྱེ། །གསང་སྔགས་ཚེ་འདིར་འཇའ་ལུས་འགྲུབ། །མ་གསང་སྡུག་བསྔལ་སྣ་ཚོགས་བསྐྱེད། །ཆོ་ག་བཞིན་བསྟེན་ཕན་ཡོན་གྱིས། །སྔགས་ནད་ནད་རྙིངསེལ་ཞིང་ཕྱིས་མི་ལྡང་། །ཡི་གར་འོང་ཞིང་ལུས་ལ་འཕྲོད། །མདོར་ན་ཡོན་ཏན་བརྗོད་མི་ལངས། །ཤིན་ཏུ་ཟབ་པས་ཡིད་ལ་ཆོངས། །

ཞར་བྱུང་དབང་ལག་བཅུད་ལེན་ནི། །དབང་ལག་དྲེག་པ་ཆུ་གྲང་གིས། །ལེགས་བཤལ་དུག་ཕྱུང་སྐམ་པ་དང་། །རྩི་བཞིན་བཏགས་ཕྱེར་འོ་བྲེ་དོ། །བླུག་བཙོས་ཁུ་བ་རང་ཐིམ་བྱ། །ཁ་ཚར་པི་ལིང་ཁྱོར་བ་གང་། །སེ་འབྲུ་ཚ་གསུམ་ཚྭ་སྣ་གསུམ། །བྱི་ཏང་ཀ་རྣམས་ཐུན་གསུམ་གསུམ། །ཨ་རུ་གསེར་མདོག་རྡོག་པོ་གཅིག། མར་གསར་དཀར་གསུམ་མངར་གསུམ་དག  ཅི་འབྱོར་རིལ་བུ་ལྟོ་སྟོང་བསྟེན། །ཤེས་ན་རླུང་བཟུང་ལུས་སྦྱོང་འབུངས། །རྒས་སྲ་གཞོན་ནུའི་དཔལ་ལྡན་ཞིང་། །སྟོབས་འཕེལ་དབང་གསལ་རོ་ཙ་བསྐྱེད། །ཚེ་སྟོང་ཐུབ་སོགས་ཡོན་ཏན་མང་། །

གོ་ཡུ་བདེ་བའི་དཔག་བསམ་ནི། །གཙོ་བོ་མཁལ་མ་གོ་ཡུ་བཟང་པོ་གཅིག། ཞོ་ཤ་བྲག་ཞུན་གླ་རྩི་འབྲས་སྣ་གསུམ། །སུག་སྨེལ་བྲེ་ག་དངུལ་ཆུ་གྲང་འདུལ་དང་། །དབང་ལག་རྩ་ལྔ་སྲམ་ཤ་བུ་རམ་གྱིས། །མགོ་བསྡུས་རིལ་བུས་ཚེ་སྟོབས་མདངས་གསལ་བསྐྱེད། །རོ་ཙའི་མཆོག་གྱུར་ཡོན་ཏན་དཔག་ཡས་སོ། །

གོ་ཡུ་བདེ་བསམ་སྐུ་མདུན་ཕྱག་ལེན་ལྟར་ནི།གོ་ཡུ་དམར་པོ་འཇང་རིལ་ཅན་གཙོ་བོ་དང་གཞན་དམར་སྐྱ་གཉིས་བཅས་༢m༠m༠ཅུ་གང་༠m༣m༠གུར་གུམ་༠m༤m༠ལི་ཤི༠m༦m༠སུག་སྨེལ་༠m༦m༠ཛཱ་ཏི་༠m༦m༠ཀོ་ལ༠m༦m༠ཨ་རུ་༠m༡m༠སྐྱུ་རུ་༠m༡m༠སྡིག་སྲིན་༠m༡m༥བ་རུ་༠m༡m༠རྒྱ་ཚ་༠m༠m༥གསེར་བྱེ་༠m༠m༥འཇམ་འབྲས་༡m༠m༠ཨ་འབྲས༡m༠m༠མཁལ་ཞོ༡m༠m༠སེ་འབྲུ་༠m༤m༠སྒ་དམར་༠m༠m༩གླ་རྩི་༠m༠m༦ད་ལི་ལིས༠m༢m༠ཅོང་ཞི་འདམ་བཏགས་༠m༢m༠བྲག་ཞུན༡m༠m༠བ་སྤྲུ༡m༠m༠ར་མཉེ་༡m༠m༠ཉེ་ཤིང་༡m༠m༠ལྕ་བ་༡m༠m༠གཟེ་མ་༡m༠m༠སྲམ་ཤ་༡m༠m༠གཙང་རྩངསཤ་༡m༠m༠ལུག་མུར་༠m༢m༠བྲེ་ག་༠m༥m༠དབང་ལག་༢m༠m༠དབྱར་རྩ་རྩྭདགུན་འབུ་༡m༠m༠དངུལ་ཆུ་གྲང་འདུལ་༠m༠m༥ ལྕམ་འབྲུ་༠m༥m༠པི་ལིང་༠m༣m༠ཕོ་རིལ་༠m༣ m༠མར་ཀ་ར་བུ་རམ་སྦྲང་བཅས་སོ། །ཤ་རྣམས་ཟིན་ཏིག་གཞུང་ལྟར་དུག་འདོན་དགོས། །ཞེས་སོ། །

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།