0971-8201019
མ་ཤོག > གཞུང་ལུགས། > རྨང་གཞིའི་ཤེས་བྱ། >

 

 

ཚ་གྲང་སྤྱི་རྩ་དྲུག་གི་ངོས་འཛིན་རགས་བཀོད།

ཡོང་ཁུངས།      |   ཀློག་གྲངས།    

ནད་ངོས་བཟུང་བ་ཚ་བའི་སྤྱི་རྩ་ནི།།དྲག་རྒྱས་འགྲིལ་མགྱོགས་གྲིམ་འཁྲང་དྲུག་ཡིན་ཏེ།།དྲུག་པོ་འདི་ལས་གང་རུང་ཡོད་པའི་ཁར།།རྩ་དཔངས་མཐོ་དང་འཕར་གྲངས་མང་བ་གཉིས།།འཁྲུགས་རིམས་གསར་བའི་རྩ་རུ་ཤེས་དགོས་ལ།།སྙུགས་ཞེས་གཏིང་ན་སྣུན་པར་འཕར་བ་དེ།།རྙིང་བའི་ཚ་བར་མཁས་རྣམས་རིག་པར་གྱིས།།དེ་ལྡོག་ཞན་བྱིང་གུད་བུལ་ལྷོད་སྟོང་དྲུག།གྲང་སྤྱི་རྩ་ཡིན་ལ་དྲུག་པོ་དེའི།།གང་རུང་དང་བཅས་སྙུགས་རེ་གཏིང་ཞིག་ན།།འཕར་གྲངས་ཉུང་བ་གྲང་བ་གསར་བ་སྟེ།།སྐབས་འདིར་བད་ཀན་ཤས་ཆེས་གནད་ཀྱིས་སོ།།སྤྱི་རྩའི་མཚན་ཉིད་དྲུག་པོ་གང་རུང་དང་།།ལྡན་ཕྱིར་འཕར་གྲངས་མང་དང་རྩ་ཡི་དཔངས།།མཐོ་ཡང་གྲང་བ་རྙིང་པའི་ངེས་རྙེད་དེ།།སྐབས་འདིར་ཆུ་ཡི་ནུས་པ་རིམ་བྲི་སྟེ།།རླུང་གི་རྩ་དཔངས་འདེགས་སོགས་བྱེད་ཕྱིར་རོ།།དེས་ན་འགྲེལ་བྱེད་གཞན་གྱིས་མ་ཐོན་པས།།གྲངས་དང་དཔངས་ཀྱི་གྲང་བའི་ངོས་འཛིན་ཚུལ།།ཁོ་བོའི་འཁྲུལ་མེད་ལེགས་བཤད་ཉུང་ངུ་འདི།།སྐལ་མཉམ་བློ་གསལ་རྣམས་ཀྱི་དགའ་སྟོན་གྱིས།།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།