0971-8201019
མ་ཤོག > གསོ་རིག་གི་སྡེ། > སྨན་ཁང་། >

 

 

ཁམས་སྡེ་དགེའི་བོད་སྨན་ཁང་།

ཡོང་ཁུངས།      |   ཀློག་གྲངས།     


     ཁམས་སྡེ་དགེའི་བོད་སྨན་ཁང་ནི་སྤྱི་ལོ1978ལོར་སི་ཁྲོན་ཞིང་ཆེན་གྱིས་སྡེ་དགེ་བོད་སྨན་ཁང་ཞེས་པའི་མཚན་གསོལ་ནས་སྡེ་དགེ་པར་ཁང་ལས་ལོགས་སུ་སྤོས་ཏེ། གསར་དུ་གསོ་རིག་སློབ་གླིང་དང་། སྒོ་བསྟེན་སྨན་ཁང་། ནད་པ་སྡོད་ཁང་། སྨན་པའི་སྡོད་ཁང་། སྨན་མཛོད་དང་སྨན་བཟོ་ཁང་སོགས་ཁྱད་ཆོས་ལྡན་པའི་སྨན་ཁང་ཞིག་བསྐྲུན་ནས་དར་རྒྱས་བྱུང་། སྤྱི་ལོ1986ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་སྐུ་དངོས་གཟིགས་ཞིབ་ཏུ་ཕེབས་པ་མ་ཟད་སྡེ་དགེ་དཔལ་ལྡན་གསོ་རིག་ཁང་ཞེས་པའི་མཚན་དུ་ཕྱག་བྲིས་གནང་བ་སོགས་མཛད། སྤྱི་ལོ1987ལོར་སི་ཁྲོན་ཞིང་ཆེན་གྱིས་སྡེ་དགེ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་མཚན་གསོལ།
     མདོ་ཁམས་སྡེ་དགེར་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་སྤྱི་ལོ1450ལོར་གདན་ས་ཐང་རྒྱལ་གཙུག་ལག་ཁང་བཞེངས་ཤིང་གྲུབ་རིལ་སོགས་སྨན་སྦྱོར་ཁྱད་པར་ཅན་གནང་། དེ་ནས་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་གྱི་བླ་སྨན་གྲྭ་མང་སྨན་ཁང་གི་རྨང་གཞི་དང་སི་ཏུ་པན་ཆེན་སློབ་རྒྱུད་བཅས་ཀྱིས་སྨན་གྲྭ་བཙུགས་ཤིང་གསོ་རིག་རིག་གཞུང་འཆད་སྤེལ་དང་། སྨན་སྦྱོར་ཀུན་གྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིགས་སྦྱོར་བཟོ་བྱས། སྨན་བཅོས་ལག་རྩལ་བཅས་ཐུན་མིན་གྱི་ཁྱད་ཆོས། གསང་བའི་མན་ངག་སོགས་བར་མ་ཆད་པ་གཙོ་བོ་ལུགས་གཉིས་ཀྱི་སྙིགས་དོར་བཅུད་ལེན་བྱས་ཏེ་ཁྱད་པར་ཟུར་ལུགས་འཕེལ་རྒྱས་འགྲོ་བའི་ལྟེ་གནས་ཆགས།
     སྤྱི་ལོ1959ལོར་རྫོང་སྲིད་གཞུང་ནས་སྡེ་དགེ་པར་ཁང་ནས་མཉམ་འབྲེལ་སྨན་ཁང་གི་ཚུལ་དུ་བོད་སྨན་ཁང་ཉམས་གསོ་བྱུང་བའི་ཐོག་མ་ཡིན་པས་ཁམས་ཕྱོགས་ཀྱི་གསོ་རིག་བསྟན་པའི་སྒྲོན་མེ་སྦར། སྤྱི་ལོ1978ལོར་སི་ཁྲོན་ཞིང་ཆེན་གྱིས་སྡེ་དགེ་བོད་སྨན་ཁང་ཞེས་པའི་མཚན་གསོལ་ནས་སྡེ་དགེ་པར་ཁང་ལས་ལོགས་སུ་སྤོས་ཏེ། གསར་དུ་གསོ་རིག་སློབ་གླིང་དང་། སྒོ་བསྟེན་སྨན་ཁང་། ནད་པ་སྡོད་ཁང་། སྨན་པའི་སྡོད་ཁང་། སྨན་མཛོད་དང་སྨན་བཟོ་ཁང་སོགས་ཁྱད་ཆོས་ལྡན་པའི་སྨན་ཁང་ཞིག་བསྐྲུན་ནས་དར་རྒྱས་བྱུང་། སྤྱི་ལོ1980ལོར་ལྔ་རིག་སྨྲ་བའི་དབང་བོ་ཁམས་ཁྲོ་རུ་ཚེ་རྣམ་མཆོག་གདན་ཞུས་ལྟར་ཁྲོ་མནྡལ་ཕུན་ཚོགས་བཀྲ་ཤིས་ཆོས་གླིང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་མང་སྦྱོར་སོགས་རིན་ཆེན་ཁག་བསྡུ་སྒྲུབ་དང་རྒྱུད་བཞི་སོགས་ཁྲིད་ལུང་བཅས་མཐོང་རྒྱུད་ཀྱི་མན་ངག་ལག་ལེན་ཟབ་ཁྲིད་གནང་ནས་གསོ་རིག་བསྟན་པ་ལ་མཛད་རྗེས་བླ་ན་མེད་པ་བཞག སྤྱི་ལོ1986ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་སྐུ་དངོས་གཟིགས་ཞིབ་ཏུ་ཕེབས་པ་མ་ཟད་སྡེ་དགེ་དཔལ་ལྡན་གསོ་རིག་ཁང་ཞེས་པའི་མཚན་དུ་ཕྱག་བྲིས་གནང་བ་སོགས་མཛད། སྤྱི་ལོ1987ལོར་སི་ཁྲོན་ཞིང་ཆེན་གྱིས་སྡེ་དགེ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་མཚན་གསོལ། 
     སྤྱི་ལོ1988ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་གནང་བའི་དཔལ་ཡོན་ལྡན་པའི་སྔོན་ཐོན་འཛུགས་སྐྲུན་འཕྲོད་བསྟེན་སྡེ་ཁག་གི་མཚན་སྙན་ཐོབ། སྤྱི་ལོ1990ལོར་རྒྱལ་ཁབ་རིམ་པའི་གལ་ཆེའི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་ཀྱི་དཔེ་དཀོན་བསྡུ་སྒྲིག་དོན་ཆེན་གྲུབ་ནས་ཚན་རྩལ་ཞིབ་འཇུག་སྔོན་ཐོན་ཅན་གྱི་སྡེ་ཁག་གི་མཚན་སྙན་ཐོབ། སྤྱི་ལོ1996ལོར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་ཁག་བསྡུ་སྒྲུབ་ཐེངས་གསུམ་པ་གྲུབ་པ་མ་ཟད། ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁག་གི་མཚན་སྙན་ཐོབ། སྤྱི་ལོ2006ལོར་ཞིང་ཆེན་རིམ་པའི་ཕོ་ནད་ཆེད་བཅོས་སྨན་ཁང་གི་མཚན་སྙན་ཐོབ་པ་དང་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་སྲོལ་རྒྱུན་དང་མཐུན་པའི་བོད་སྨན་སྨན་བཟོ་ཁང་ལེགས་པར་གྲུབ། གསོ་བ་པོ་སྨན་པའི་ཚད་དང་ལྡན་པ། རྒྱལ་སྤྱིའི་གསོ་རིག་མཐུན་ཚོགས་ཀྱིས་གནང་བའི་སྨན་རམས་པ་ཆེན་མོ(པོའོ་སི)དང་རྒྱལ་ཁབ་རིམ་པའི་བོད་སྨན་པ་འབུམ་རམས་གཙོ་གཞོན། རབ་འབྱམས་པ་དང་དཀའ་བཅུ་བ་སོགས་རྒན་རབས་ཀྱི་སྨན་པ་དང་། ཕྱིས་བྱུང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་དང་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ལས་ཐོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས། སྔ་ཕྱིར་སྨན་ཁང་འདིར་ཟབ་སྦྱོང་སོགས་ཕེབས་པའི་མདོ་དབུས་ཁམས་གསུམ་བཅས་ཀྱི་འཚོ་བྱེད་པ་གྲངས་ལས་འདས། སྨན་ཁང་འདིས་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ལྟར་གཙོ་བོ་འགྲོ་བ་ནད་པའི་དོན་དུ་རྒྱལ་ཕྱི་ནང་སོགས་སོ་སོའི་དད་ལྡན་དམངས་ཚོགས་ལ་དགོས་མཁོ་དང་འོས་མཐུན་གྱི་རིན་ཐང་ལྡན་ལ་རང་བྱུང་བོད་སྨན་གྱི་མཐུན་རྐྱེན་སྩོལ་ཡུལ་ཉིན་ལྟར་ཐེ་མང་འགྲོ་བས་རིས་མེད་འགྲོ་བར་ཕན་བདེའི་སྲོག་གི་དཔུང་གཉེན་དུ་གྱུར་བ་མ་ཟད་སྡེ་དགེའི་བོད་སྨན་གྱི་ཕན་ནུས་འཆི་མེད་བདུད་རྩིའི་གསོས་སུ་གྲུབ་པའོ།།
 

 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།