0971-8201019
གཙོ་ངོས།  >  སྨན་བཅོས། > ལུས་སྟོད་ནད་ཀྱི་སྐོར། >
  • ཡ་མ་ནག་པོ་ནི་སེམས་འཁྲུལ་ཞིང་སྟོབས་ཆུང་བ། སྐབས་རེ་ན་ཟུག་མི་བཟོད་པར་ན་བ། སྣབས་ཀྱི་མདོག་དམར་ཞིང་རྒྱ་སྲུབས་ཀྱི་སྟེང་དུ་སྐྲངས་བ་བཅས་ཀྱི་ནད་རྟགས་སྟོན་ཞིང་ཁྱད་པར་ཁྲག་དང་མཁྲིས་པར་བསྡོངས་ཟླ་ལྡན་པའི་སྲིན་ནད་ཟུག་རྔུ་དང་ཚ་ཤས་ཆེ་བ་ཞིག།
  • ཡ་མ་ཞེས་པ་ཞང་ཞུང་གི་སྐད་ཀྱི་སྲིན་བུའི་མིང་སྟེ་མགོར་གནས་ཀྱི་ནད་སྲིན་འཁྲུགས་པའི་སྐབས་ལ་སྦྱར་བའི་མིང་འདོགས་ལུགས་ཤིག་ཏེ། ནད་སྟོབས་ཆུང་བའི་མགོ་སྲིན་ལ་ཡ་མ་དཀར་པོ་སྟེ། ངོ་བོ་བད་རླུང་གི་ཤས་ཆེ་བའོ།
  • རྣ་ནད་རྣག་འཛག་ནི་ལུས་ཀྱི་འདུ་བ་འཁྲུགས་ཏེ་ཕལ་ཆེར་བར་རྣའི་གནས་སུ་ནད་འགྱུར་བྱུང་ནས་དུས་རྒྱུན་རྣག་འབྱམས་པ་དང་། མཐར་རྣ་བ་འོན་པའི་ནད་ཅིག་རེད།
  • མིག་གི་འབྲེལ་སྐྱི་དང་རྒྱལ་མོའི་མདུན་སྐྱི་སོགས་ཀྱི་གནས་སུ་ནད་འགྱུར་བྱུང་ནས་མིག་གིས་གཟུགས་ལ་ལྟ་སྐབས་འོད་འཚེར་བ་ལྟར་ལྟ་མི་བཟོད་པར་གྱུར་པའི་མིག་ནད་ཅིག་ཡིན།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།