0971-8201019
མ་ཤོག > སྨན་བཅོས། > ཁོང་ནད། >

 

 

ལྷེན་སྐྲན།

ཡོང་ཁུངས།      |   ཀློག་གྲངས།    

རྒྱུ་རྐྱེན།
    ཟས་སྐོམ་འཇུ་དཀའ་བའི་རིགས་དང་། མ་གོམས་པའི་རིགས། མི་འཕྲོད་པའི་རིགས་སོགས་རྒྱུན་རིང་བསྟེན་པ་དང་། ལུས་ཁམས་འཁྱགས་པ་སོགས་ཀྱིས་སློང་གི་ཡོད་པ་རེད།
ནད་རྟགས།
     མནན་ན་ཤིན་ཏུ་སྲ་ཞིང་རྒྱུན་དུ་འཕར་ལ་རེག་ན་མི་བཟོད་པ་དང་། ཁ་ཟས་གང་ཡང་མི་ལེན་པར་ཟོས་ཚད་ཕྱིར་སྐྱུགས་པ། ཟས་རྗེས་ན་ཞིང་ལྟོགས་ན་བདེ་བ། རླན་གྲང་ཆེ་བའི་གནས་སུ་བསྡད་ན་ན་བ། ཤེད་ཆུང་ཞིང་སྒྲེག་པ་མི་ཐོན་པ་ལས་འཁྲུལ་སོ་སེལ་ནུས་སོ། །
     རྩ་ནི་ཞན་ཅིང་ཞར་བར་འཕར་བ།
     ཆུ་ལ་སྐྲན་ཐིགས་ཉ་མིག་ལྟ་བུ་འབྱུང་བ།
     ལྕེ་མདོག་སྐྱ་གླེག་མདངས་མེད་འཇམ་ལ་རློན་པ།
གཞོགས་འདེགས་བརྟག་དཔྱད།
    ནད་འདི་ནི་ཕོ་བར་མ་ཞུ་བེ་སྣབས་འཕེལ་བའི་རྐྱེན་གྱིས་ཟས་མི་འཇུ་བར་རྟག་པར་སྐྱུགས་པ་དང་། ཕོ་བར་འདྲིལ་སྙམ་བྱེད་པའི་ནད་ཅིག་རེད། འོན་ཀྱང་ན་ལུགས་དེ་ལྷེན་སྣའི་འོག་ཏུ་ཡིན་པ་དང་། འདྲིལ་སྐྲན་ཡོད་པའི་སྣང་བ་འཆར་གྱི་ཡོད་སྟབས་ལྷེན་སྐྲན་ཞེས་གསུངས་པ་རེད། དེ་ལ་འབྲེལ་ཡོད་གཞོགས་འདེགས་བརྟག་གི་སྐོར་ལས་ཕོ་ཤེལ་བརྟག་དཔྱད་ལས་ངོས་འཛིན་གསལ་བོ་བྱེད་ཐུབ།
འཁྲུལ་སོ་བསལ་བ།
བད་ཀན་ལྷེན་དང་འཁྲུལ་སོ་བསལ་བ། ལྷེན་སྣའི་འོག་ཏུ་འདྲིལ་སྙམ་བྱེད་ཅིང་ལྟོང་ངེ་ན་ལ་མནན་ན་འདྲིལ་མེད་པ། དང་ག་མི་བདེ་བ། ཟས་འཇུ་དཀའ་བ། ཟོས་དུས་ན་ཞིང་ལྟོགས་ན་བདེ་བར་ཚོར་བ་ལས་འཁྲུལ་སོ་སེལ་ནུས་སོ། །
     ཟས་སྐྲན་དང་འཁྲུལ་སོ་བསལ་བ། ཕོ་བ་འཚིང་ལ་སྒྲེག་པ་མང་བ། ཟས་ཟོས་ཐོག་ཏུ་གླང་ཐབས་ན་བ། ཟས་གང་མ་ཞུ་བ་དེ་ལྷག་པར་གནོད་པ། གདོང་དང་མིག་ལྕིབས་དང་རྐང་བོལ་གཡོ་བ་ལས་འཁྲུལ་སོ་སེལ་ནུས་སོ། །
གསོ་ཐབས།
      གསོ་ཚུལ།
 མེ་དྲོད་གསོ་ཞིང་བེ་སྣབས་བཞུ། སྐྲན་བཤིག སྐྲན་རོ་སྦྱངས།
     བཅོས་ཐབས།
ཟས། ཆུ་སྐོལ། སྐམ་སའི་འབྲུ་རྙིང་དང་ཟན་དྲོན། ཆང་ནར་སྨིན་པ། སྒ་ཆུ། ལུག་དང་གཡག་རྒོད་ཀྱི་ཤ་སོགས་དྲོ་ཞིང་ཡང་ལ་རྩུབ་པའི་ཟས་རྣམས་འགྲངས་ཆེས་མ་ཡིན་པར་འཇུ་སླ་ཉུང་ཟད་བསྟེན།
སྤྱོད་ལམ། རྩོལ་བཅག་དྲོ་ས་བསྟེན།
      སྨན། ཅོང་ཞི་རྒོད་འདུལ། ཐུན་གསུམ་ཚ་བའི་རིལ་བུ། ཕྱི་རྒྱུད་ཀྱི་སེ་འབྲུའི་སྦྱོར་བ། ཕྱི་རྒྱུད་ཀྱི་ད་ལིའི་སྦྱོར་བ། རྒྱམ་ཚྭ་དྲུག་སྦྱོར། མངོན་སུམ་མེ་འདྲའི་སྦྱོར་བ། སེ་འབྲུ་ཅུར་ནིས། བཅོ་ལྔ་དྲག་སྦྱོར། ཅོང་ཞི་འཕྲུལ་ཐལ། རྡོ་ཞུན་ཕྱེ་མ། ཚྭ་བསྲེག་སྦྱོར་བ། བད་ཀན་ཚྭ་ལའི་འཕྲུལ་བཤལ་བཅས་བསྟེན།
     དཔྱད། བད་ཀན་གྱི་གསང་དང་ལྷེན་གསང་། སྐྲན་གསང་མེ་མཉམ་གྱི་གསང་རྣམས་ཁ་གསུམ་བསྲེག་པར་བྱའོ། །
ཕན་འབྲས་ཚད་གཞི།
སངས་དྲག
གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
མནན་ན་ཤིན་ཏུ་སྲ་ཞིང་རྒྱུན་དུ་འཕར་ལ་རེག་ན་མི་བཟོད་པ་དང་། ཁ་ཟས་གང་ཡང་མི་ལེན་པར་ཟོས་ཚད་ཕྱིར་སྐྱུགས་པ། ཟས་རྗེས་ན་ཞིང་ལྟོགས་ན་བདེ་བ། རླན་གྲང་ཆེ་བའི་གནས་སུ་བསྡད་ན་ན་བ། ཤེད་ཆུང་ཞིང་སྒྲེག་པ་མི་ཐོན་པ་ལས་འཁྲུལ་སོ་སེལ་ནུས་པ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
       ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།