0971-8201019
མ་ཤོག > གསར་འགྱུར། > ཆེད་དོན། >

 

 

མཚོ་སྔོན་གྱིས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ཀྲུང་ལུགས་སྨན་རྫས་བཏུང་བྱ་རིགས150སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཞག་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།    |   ཀློག་གྲངས།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས1ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་གསལ་ལྟར་ན།    ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།    མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ《བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་ཁག་གཅིག་གི་ཀྲུང་ལུགས་སྨན་རྫས་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ།    བུ་བཙའ་འགན་བཅོལ་བཅས་ཀྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ནས། ཆ་རྐྱེན་དང་མཐུན་པའི་ཏུའུ་ལོས་ཧོང་ཅིན་སོགས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ཀྲུང་ལུགས་སྨན་རྫས་བཏུང་བྱ་རིགས150གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་ཅས་ཀྱི་གཏོང་སྤྲོད་ཁྱབ་ཁོངས་སུ་འཇོག་རྒྱུ་གཏན་ཁེལ་བྱས་པ་དང་། སྔར་ལས་ལྷག་པར་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གཞི་རིམ་གྱི་རོང་འབྲོག་པ་མང་ཚོགས་ཀྱི་སྨན་རྫས་དགོས་མཁོ་བསྐངས་བ་རེད། 

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ཀྲུང་ལུགས་སྨན་རྫས་འཐུང་བྱ་རིགས150སྨན་རྫས་ཁ་པའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཞག་པ་དང་། དེ་མཚུངས་ཀྱི་བསྡུར་ཚད་ལྟར་རྩིས་ཞུ་བྱེད་ཐུབ་པས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་སོང་ཡོད་ཟེར།    དུས་མཚུངས་སུ་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་གནས་འཁེལ་གྱི་ངོ་བོ་ལུགས་མཐུན་ངང་རིན་གོང་གཏན་འཁེལ་བྱེད་པའི་འགན་འཁུར་ཡོད་པས། ཚད་ལྡན་ཐབས་ལམ་ནས་ཉོ་སྒྲུབ་བྱས་པའི་འཐུང་བྱའི་རིན་གོང་དེ25%ལས་བརྒལ་མི་ཆོག་པ་དང་། ཕན་འབྲས་ཡོད་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་ཚད་ལྡན་ངང་སྨན་རྫས་སྤྱོད་པར་ཁྲིད་སྟོན་བྱ་རྒྱུ་རེད།   ། 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།