0971-8201019
མ་ཤོག > གསར་འགྱུར། > ཆེད་དོན། >

 

 

《དཔག་བསམ་ཤིང་གི་ལོ་མ།—རྩ་བ་གསུམ་ལ་དྲིལ་བའི་སྡོང་བོ་དགུ།》པར་དུ་བསྐྲུན་པའི་འཕྲིན་བཟང་།

ཡོང་ཁུངས།      |   ཀློག་གྲངས།    

      
 
     ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དཔག་བསམ་ཤིང་གི་ལོ་མ།——རྩ་བ་གསུམ་ལ་དྲིལ་བའི་སྡོང་བོ་དགུ།ཅེས་པ་འདི་ནི། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་པདྨ་རབ་བརྟན་གྱིས་སྒྲིག་རྩོམ་བྱས་ཤིང་། དེབ་འདི་རུ་བོད་ཀྱི་གསོ་བ་རིག་པའི་སྨན་ཐང་བརྒྱད་ཅུའི་གཞི་རྩ་སྡོང་འགྲེམས་ཀྱི་བྱུང་ཚུལ་དང་འཕེལ་རྒྱས། དེ་བཞིན་རྩ་བ་གསུམ་ལ་འདྲིལ་བའི་སྡོང་བོ་དགུ་དང་། དེ་ལ་གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན། ལོ་འདབ་ཉིས་བརྒྱ་རྩ་བཞི་རེ་རེ་བཞིན་། དུས་རབས་དང་མཐུན་པར་བགྱིས་ཏེ། རི་མོའི་སྒྱུ་རྩལ་དང་འབྲེལ་མཐར་ཆགས་སུ་བཀྲལ། ཆེས་ཟབ་པའི་དོན་རྣམས་བཀྲོལ་ཀློག་འདོན་སྤེལ་བྱས་ཡོད་པས། ཀློག་པ་པོ་རྣམས་ཀྱིས་གོ་བདེ་བ་དང་ཡིད་ལ་ངེས་སླ་བ། གཞན་ནད་ཐོག་བསམ་གཞིག་དང་། ཟབ་གནད་སྔོག་སྤེལ། རིག་གཞུང་ཞིབ་འཇུག་བཅས་ཀྱི་ཐད་ལའང་དོན་སྙིང་ཆེན་པོ་ལྡན། ལྷག་པར་དུ་དེབ་འདི་ཡི་སྡོང་འགྲེམས་སློབ་གསོའི་ཁྲིད་ཐབས་འདིས་ཚེ་རིག་འཛིན་པ་མང་པོ་ཞིག་བློ་སྒོ་ཕྱེ་དང་འབྱེད་ནུས་པ། ཚེགས་ཆུང་དོན་ཆེའི་བྱ་བ་མང་པོ་ཞིག་ཀྱང་ཞོར་ལ་འགྲུབ་ཟིན་པས། ཐབས་ལེགས་པའི་རིགས་སྒོ་འདི་རིགས་རྒྱུད་འཛིན་དང་དར་སྤེལ་བྱེད་པར་སྐུལ་སློང་དང་བཅས་དེབ་འདི་གསོ་བ་རིག་པའི་ལས་ལ་འཇུག་མཁན་ཡོངས་དང་གསོ་བ་རིག་པར་སྤྲོ་བ་ཡོད་པ་ཀུན་གྱི་སྤྱན་སྔར་དུ་བསྟར་པ་དགེ་གྱུར་ཅིག།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།