0971-8201019
མ་ཤོག > གསར་འགྱུར། > ཆེད་དོན། >

 

 

2019ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་སྟོན་འདུ་ཚོགས་ཡུལ་ཤུལ་དུ་འཚོགས།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

ཡུལ་ཤུལ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། 2019ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་སྟོན་འདུ་ཚོགས་དེ་ཚེས20ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་ཡུལ་ཤུལ་གྲོང་ཁྱེར་དུ་གཉེར་ཞིང་། གཞུང་ཕྱོགས་ཀྱིས་དེར་བརྟེན་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་འདོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་འདུ་ཚོགས་ཀྱི་དུས་ཡུན་ཉིན་ལྔ་ཡིན་ཞིང་། འགྲེམས་སྟོན་ཁང་དུ་དངོས་པོ་དང་པར་རིས། བཟོ་དབྱིབས། དྲིལ་བསྒྲགས་པང་ངོས། གློག་སྒམ། གཟུགས་ལམ། ཡུལ་དངོས་དཔེ་འཁྲབ་བཅས་ཀྱི་བྱེད་ཐབས་བརྒྱུད་ནས་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིགས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། མི་རིགས་རིག་གནས་ཐོན་ལས་དང་ལག་རྩལ་ལས་རིགས། དེ་བཞིན་ཞིང་འབྲོག་ཐོན་རྫས་བཟོ་སྣོན་འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་དང་། ཉོ་ཚོང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ། ཐོན་ལས་ཀྱི་སྤུས་རིམ་མཐོ་འདེགས་ཤུགས་ཆེན་གཏོང་བ། རིམ་པ་དུ་མའི་སྤེལ་རེས་མཉམ་ལས་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། མི་རིགས་ས་ཁུལ་ཕྱིར་ཕྱོགས་སུ་སྒོ་འབྱེད་བྱེད་པའི་གནས་བབ་གསར་པ་ཞིག་ཆགས་པར་བྱ་རྒྱུ་རེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུད་ཀྱི་རྒྱུན་ཨུ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཁྲའོ་ཞུའེ་ཏེས་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ཀྲུང་གོ་ལ་ལྟ་དགོས་པ་དང་། ཀྲུང་གོའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་ལ་ལྟ་དགོས། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཡུལ་ཤུལ་ལ་ལྟ་དགོས་པ་རེད། ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུ་ཀྲུང་གོ་དང་ཐ་ན་འཛམ་གླིང་ཡོངས་སུ་ཡང་གནས་བབ་དང་རིན་ཐང་ཆེན་པོ་ལྡན་ཡོད། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཐོན་ཚད་ཀྱིས་ཀྲུང་གོ་ཡོངས་ཀྱི60%བཟུང་གི་ཡོད། དེའི་ནང་དུ་གཙང་གསུམ་ཆུ་འགོའི་ཁུལ་གྱི་ཡུལ་ཤུལ་ནས་ཐོན་པའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་མཚོ་སྔོན་ཡོངས་ཀྱི་80%བཟུང་བ་དང་། ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབབ་ཆེ་བ་དང་། སྤུས་ཚད་ལེགས་པ། ཚོན་མདོག་ཡག་པ། ཐུམ་བུ་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད། ཡང་སྒོས་སུ་ཡུལ་ཤུལ་ཁུལ་གྱི་རྫ་སྟོད་ལ“ཀྲུང་གོའི་དབྱར་རྩྭ་དགུན་འབུའི་རྫོང་དང་པོ”ཞེས་པའི་མཚན་སྙན་ལྡན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་སྟོན་ཐོག་བལ་པོ་དང་། རྒྱ་གར། མ་ལེ་ཞི་ཡ། ཀྲུང་གོའི་ཐའེ་ཝན་སོགས་འབྲེལ་ཡོད་ཐོན་ལས་ཀྱི་ཚོང་ལས་མཐུན་ཚོགས་གདན་ཞུ་བྱས་ཤིང་། དེ་བཞིན་རྒྱལ་ནང་གི་བོད་རིགས་ས་ཁུལ་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་སྲིད་དོན་ཕྱོགས་དང་ཚོང་དོན་ཕྱོགས། རྒྱལ་ཕྱི་ནང་གི་སྐད་གྲགས་ཡོད་པའི་རིག་གཞུང་ལས་རིགས་དང་སྨན་རྫས་ལས་རིགས་ཀྱི་དབང་གྲགས་ཆེ་བའི་ཆེད་རམས་པ་ཡང་འགྲེམས་སྟོན་ནང་གདན་ཞུ་བྱས་ནས་ཚད་གཞི་མཐོ་བའི་དབྱར་རྩྭ་དགུན་འབུའི་མཐོ་རིམ་གླེང་གླེགས་བཙུགས་ནས། དབྱར་རྩྭ་དགུན་འབུ་དང་བོད་སྨན་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་སྨན་སྤྱོད་རིན་ཐང་ཇི་ལྟར་གཏིང་ཟབ་མངོན་པའི་ཐད་ལ་བགྲོ་གླེང་བྱས་པར་བརྒྱུད། སྔར་ལྷག་གིས་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་ཡིད་དབང་འགུགས་ཤུགས་དང་གྲུབ་འབྲས་དངོས་སུ་བསྟན་པ་དང་། མུ་མཐུད་དེ་འབྲེལ་དྲྭ་བརྟེན་ནས་འབྲེལ་དྲྭ་རྒྱས་པ་དང་དྲྭ་ཐོག་དང་དྲྭ་འོག་བར་ཟུང་དུ་འབྲེལ་བའི་རྣམ་པ་དང་བྱེད་ཐབས་སྣ་མང་བརྒྱུད་ནས་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཐོན་ལས་འཕེལ་རྒྱས་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱས་པ་རེད། འགྲེམས་སྟོན་ཁང་དུ་དབྱར་རྩྭ་དགུན་འབུ་འགྲེམས་ཁུལ་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤུས་ལེགས་འགྲེམས་ཁུལ་ཕུད་ད་དུང་བོད་ཀྱི་རིག་གནས་དང་། མི་རིགས་མཁོ་ཆས། ཁྱད་ལྡན་ཐོན་ལས་འགྲེམས་ཁུལ་དང་ཕྱི་རྒྱལ་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། མི་རིགས་མཁོ་ཆས། ཡུལ་ཟོག་ཁྱད་ལྡན་ཐོན་རྫས་སོགས་འགྲེམས་ཁུལ་ཡང་བཙུགས་ཡོད་པ་རེད། ཁྲའོ་ཞུའེ་ཏེས“དུས་ཡུན་རིང་པོའི་ནང་ཡུལ་ཤུལ་གྱིས་དབྱར་རྩྭ་དགུན་འབུ་འཐུ་བསྡུ་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ལས་དོན་གལ་ཆེར་བརྩིས་ནས་ཡུལ་ཤུལ་གྱི་དབྱར་རྩྭ་དགུན་འབུའི་སྐད་གྲགས་ཇེ་ཆེར་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱས་ཏེ་ས་གནས་དེ་གའི་དམངས་ཚོགས་ལ་འབབ་འཕར་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་གྱི་ཡོད”ཅེས་བརྗོད་པ་དང་། གཞུང་ཕྱོགས་ཀྱིས་ཡུལ་ཤུལ་གྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་ཡུལ་ ཤུལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།།


གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།