0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་སྨན་གྱི་བཙོ་ཐལ་ཕན་ནུས་ཞིབ་འཇུག་ལ་འཕེལ་རྒྱས་གསར་བ་མངོན་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་རྒྱུས་ལོན་པ་ལྟར་ན། བོད་སྨན་གྱི་བཙོ་ཐལ་ཕན་ནུས་ཞིབ་འཇུག་ལ་འཕེལ་རྒྱས་གསར་བ་བྱུང་ཡོད། རྒྱལ་སྤྱིའི་མཉམ་ལས་ཆེད་དམིགས་ལས་གཞི་སྟེ“བཙོ་ཐལ་ནཱ་སྨིས་རིལ་བུ་མཉམ་སྡེབ་སྨན་རྫས་ལས་ཐོན་པའི་བྱེད་ནུས་ཕན་འབྲས་ཞིབ་འཇུག་ལས་གཞི”དེ་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡིས་འགན་འཁུར་བ་དང་། ཨ་རིའི་ནུབ་བྱང་སློབ་ཆེན་ལ་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་སྤེལ་ནས་ཕྱི་ཕྱོགས་ཀྱི་དབང་རྩའི་སྨན་ནུས་རིག་པ་སོགས་ཀྱི་ལག་རྩལ་ཁྱད་ཆོས་ལ་བརྟེན་ནས། བཙོ་ཐལ་གྱི་ཕན་ནུས་ཐོན་པའི་རྣམ་པ་དང་ཕན་ནུས་ཐོན་པའི་ནང་རྐྱེན་ལ་ཞིབ་འཇུག་བྱས་ཏེ། བཙོ་ཐལ་འཕེལ་རྒྱས་ཁྲོད་ཀྱི་གནད་འགག་གི་དཀའ་ངལ་ཐག་གཅོད་བྱས་ཡོད།

ལས་གཞི་ཞིབ་འཇུག་གིས་ནཱ་སྨིས་རིལ་བུ་དབྱེ་འབྱེད་དང་རིགས་མཐུན་སྒྱུར་བའི་བྱེད་ཐབས་བཙུགས་ཡོད་པ་དང་། ཚོད་ལྟས་བཙོ་ཐལ་ནཱ་སྨིས་རིལ་བུ་དེ་ཕྲ་ཕུང་དང་སྲོག་ཆགས། མིའི་ལུས་ཕུང་བཅས་ཀྱི་ནང་རང་བཞིན་གྱིས་མཉམ་འདུས་བྱས་ནས་གྲུབ་པ་ཞིག་ཡིན་ལ། སྨན་རྫས་དེ་ཕྲ་ཕུང་ནང་ཐིམ་པར་སྐུལ་འདེད་དང་ཕྱིར་འབུད་ཇེ་ཉུང་དང་ཕན་ནུས་ཇེ་མཐོར་གཏོང་བའི་ནུས་པ་ཡོད་པ་དང་། ལྷག་པར་དུ་སྨན་རྫས་དེ་ཀླད་ཁྲག་གི་བཀག་དངོས་བརྒྱུད་པ་ལ་ཕན་འབྲས་མངོན་གསལ་ཡོད་པ་ར་སྤྲོད་བྱས་ཡོད།

ལས་གཞི་དེ་ནཱ་སྨིས་ཚད་གཞི་ལ་རྨང་གཞི་བྱས་ཏེ་བཙོ་ཐལ་གྱི་མཉམ་སྡེབ་ཕན་ནུས་མཐོར་གཏོང་གི་སྒྲིག་སྲོལ་གསལ་བཤད་བྱས་ཡོད་པ་དང་། བཙོ་ཐལ་གྱིས་མང་སྦྱོར་སྨན་རྫས་ཁྲོད་བེད་སྤྱོད་ཀྱི་ལུགས་མཐུན་རང་བཞིན་ལ་ཚན་རིག་གི་གསལ་འགྲེལ་བྱས་ཏེ། བཙོ་ཐལ་གྱི་གསར་སྐྲུན་བེད་སྤྱོད་ལ་དཔྱད་གཞི་འདོན་སྤྲོད་བྱས་ཡོད། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།