0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

༼གསོ་བ་རིག་པ།——ལུམས་ཀྱི་རྣམ་གཞག༽པར་དུ་བསྐྲུན་པའི་འཕྲིན་བཟང་།

ཡོང་ཁུངས།      |   ཀློག་གྲངས།    

      ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཉིས་ཀྱི་བདག་ཉིད་ཅན། ༼གསོ་བ་རིག་པ།——ལུམས་ཀྱི་རྣམ་གཞག༽ཅེས་པ་འདི་ནི། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གིས་གསོ་བ་རིག་པའི་ལུམས་ཀྱི་རྒྱུན་འཛིན་འཐུས་ཚབ་རྒན་ཀླུ་བྱམས་རྒྱལ་གཙོས། སྨན་ལུམས་ཚན་ཁག་གཙོ་བོར་གྱུར་བའི་ཆེད་མཁས་ཚོ་ཆུང་གི་ཁོངས་མི་དག་གིས་རྒྱུན་གྱི་ཕྱག་ལས་བྲེལ་ཟིང་གི་བར་གླགས་དང་གུང་གསེང་གི་དུས་ཚོད་གང་ལ་ཅི་སྤྱོད་ཀྱིས། མི་ལོ་བཅུ་ལྷག་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་གཞི་ནས་རྒྱ་ཆེའི་གསོ་རིག་དོན་གཉེར་ཅན་དག་གི་སྤྱན་སྔར་བསྟར་ཐུབ་པ་བྱུང་བ་ཞིག་རེད།

        འདིར་བོད་སྔ་རབས་ཀྱི་ཡིག་ཚང་དང་འབྲེལ་ཡོད་ལུམས་བཅོས་སྐོར་གྱི་ཡིག་ཆ་བསྡུ་རུབ་དང་། གསོ་བ་རིག་པའི་གཞུང་ལག་ལེན་གང་སར་སྒོ་བསྟུན་ཏེ། ལུམས་བཅོས་རིག་པ་སྤྱི་དང་། ལུམས་བཅོས་རྨང་གཞིའི་གཞུང་ལུགས། ལུམས་བཅོས་ཀྱི་ལག་ལེན། ལུམས་བཅོས་ཀྱིས་གསོ་རུང་བའི་ནད་རིགས། ལུམས་བཅོས་ཀྱི་དཔྱད་ཡིག་ཕྱོགས་བསྡུས། ལུམས་བཅོས་ཀྱི་ནད་ཐོག་ཞིབ་འཇུག ལུམས་ཀྱི་ལག་ལེན་བྱེ་བྲག ལུམས་བཅོས་ཉམས་ཡིག་སྨན་སྦྱོར། ལུམས་བཅོས་ལག་ལེན་ལ་མཁོ་བའི་ཟུར་ལྟའི་དཔྱད་གཞི་བཅས་ལེའུ་བཅུ་དང་དེབ་གོང་འོག་གཉིས་ཀྱི་བདག་ཉིད་ཅན་པར་སྐྲུན་འགྲེམ་སྤེལ་གནང་བ་ནི་ཚེ་རིག་འཛིན་པ་ཡོངས་ལ་མཚོན་ན་དུས་ཐོག་གི་ཆར་བ་དང་རྨ་བྱས་འབྲུག་སྒྲ་ཐོས་པའི་དཔེ་ལས་མ་འདས།

 

        སྤྱི་ལོ༢༠༡༨ལོར་ལུམས་བཅོས་རིག་པ་འདི་བཞིན་༼འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག  རིག་གནས་ཚོགས་པའི་འགྲོ་བ་མིའི་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་༽ཚུད་པ་ནས་བཟུང་། དེ་ལས་ཀྱང་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཏུ་གྱུར་ཏེ་ལུམས་བཅོས་ལག་ལེན་ཚད་ལྡན་ཅན་ལ་ཁ་ཕྱོགས་པར་སྔར་མེད་ཀྱི་ནུས་པ་གང་ལེགས་ཐོན་དང་འདོན་བཞིན་ཡོད། །
 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།