0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

ཏོག་གསར་གློ་ཚད་ཀྱི་རིམས་འགོག་རིས་འགྲེལ་གློག་དེབ་འགྲེམ་སྤེལ་བྱས།

ཡོང་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   |   ཀློག་གྲངས།    


གོང་གི་བཤེར་རིས་བརྒྱུད་ནས་གློག་རྡུལ་པར་མ་བཀླག་ཆོག
        ཤེས་ལྡན་ཀུན་གྱིས་མཁྱེན་གསལ་ལྟར། ད་ལོ་ཡི་ཏོག་གསར་གློ་ཚད་འདི་ནི་འཛམ་གླིང་རང་བཞིན་གྱི་གོད་ཆགས་ཤིག་ཡིན་པས། ང་ཚོ་མི་སྒེར་སུ་དང་གང་ཡིན་ཡང་རང་ཉིད་ཀྱི་འོས་འགན་བསྒྲུབ་རྒྱུ་དེ་གཙོ་བོ་རེད། ཐེངས་འདིར་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་བོད་རྒྱ་ཤན་སྦྱར་གྱི་《ཏོག་གསར་གློ་ཚད་ཀྱི་རིམས་འགོག་རིས་འགྲེལ་ཀློག་དེབ》འདི་ནི་སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྒྲིག་རྩོམ་བྱས་པ་ཡིན་ཞིང་། དེབ་ཀྱི་ནང་དོན་ནི་རང་རྒྱལ་གྱི་ཆེད་མཁས་པ་རྣམས་ཀྱིས་བསྟན་པའི་ཚན་རིག་རང་བཞིན་གྱི་འགོག་སྲུང་ཤེས་བྱ་སྣ་ཚོགས་དངོས་ཡོད་དང་རྟོག་བཏགས་ཀྱི་རི་མོའི་འབྲི་ཐབས་སྤྱད་ནས་དེ་ལ་གོ་བདེའི་འགྲེལ་བཤད་བྱས་ཡོད་པས་རིས་འགྲེལ་ཀློག་དེབ་འདི་གྲུབ་པ་ལགས།  དེབ་འདིའི་ནང་རྒྱུན་ཤེས་ཀྱི་ལེའུ་དང་། ནད་རྟགས་ཀྱི་ལེའུ། སྔོན་འགོག་གི་ལེའུ་སོགས་ཚུད་ཡོད་པར་མ་ཟད། ནད་གཞི་དེ་ཐོན་སྲིད་པའི་རྒྱུ་རྐྱེན་དང་། ནད་རྟགས་མངོན་ཚུལ། རང་ཉིད་སྲུང་སྐྱོབ་བྱ་ཐབས། མི་མང་འདུ་འཛོམས་སྐབས་ཀྱི་དོ་སྣང་བྱ་ཡུལ་སོགས་རགས་བསྡུས་ངང་ངོ་སྤྲོད་བྱས་ཡོད་པས། འདི་ཡང་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་བརྡལ་དང་མཛུབ་ཁྲིད་ལ་དོན་སྙིང་གལ་ཆེན་སྡན་སྙམ། 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།