0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

རྒྱལ་ཁབ་རིམ་པའི་ནད་དུག་བརྟག་དཔྱད་སྟེགས་བུ་བོད་ལྗོངས་ཀྱི་བོད་སྨན་ཁང་དུ་བཙུགས་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ   |   ཀློག་གྲངས།    

     ཚེས༡༤ཉིན། བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་རྒྱལ་ཁབ་དབུགས་ལམ་མ་ལག་ན་ཚའི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་ནད་དུག་བརྟག་དཔྱད་ཞིབ་འཇུག་དང་ཁྱབ་གདལ་ས་ཁོངས་སྟེགས་བུ་དེ་དངོས་སུ་བཙུགས་པ་རེད།
        སྟེགས་བུ་དེ་ནི་རྒྱལ་ཁབ་དབུགས་ལམ་མ་ལག་ན་ཚའི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་དང་ཅིན་ཡུས་གསོ་རིག་ཚོགས་པ་གཉིས་ཀྱིས་སྐུལ་འདེད་ངང་བཙུགས་ཤིང་། བླང་བྱ་ནི་རྒྱལ་ཡོངས་ས་ཁོངས་ལྟེ་གནས་སོ་སོའི་ལེགས་ཆའི་སྟོབས་ཤུགས་མཉམ་དུ་བསྡུས་ནས་རྒྱལ་ཁབ་ཀྱི་དགོས་མཁོ་གཙོ་བོར་དམིགས་ཏེ། རྒྱལ་ཡོངས་དབུགས་ལམ་གྱི་ནད་དུག་གཞི་རིམ་ནས་བརྟག་དཔྱད་བྱེད་པའི་ནུས་བའི་འཛུགས་སྐྲུན་དང་གདོད་མའི་གསར་གཏོད། གཞི་གྲངས་མཉམ་སྤྱོད་བྱས་ཏེ་རྒྱུན་འཁོར་འཕེལ་རྒྱས་བཅས་ཀྱི་ཕྱོགས་ལ་སྐུལ་འདེད་བྱེད་རྒྱུ་རེད།
སྟེགས་བུ་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་དུ་བཙུགས་པ་དེས་ནད་དུག་བརྟག་དཔྱད་ཞིབ་འཇུག་དང་སྔོན་འགོག་ནུས་པ་སོགས་ཀྱི་སྔོན་ཐོན་སྨན་བཅོས་ལག་རྩལ་དང་ཞབས་ཞུའི་ཉམས་མྱོང་གཞི་རིམ་དུ་ཐོན་པ་མཚོན་ཞིང་། བོད་སྨན་ཁང་གི་ཡོན་ཀྲང་པད་མ་དབྱངས་སྒྲོན་གྱིས་བཤད་རྒྱུར། “རིམ་པ་མཐོ་བའི་སྟེགས་བུ་འདི་འདྲ་འཛུགས་སྐྲུན་བྱས་པ་ནི་སྔར་ལས་ལྷག་པའི་སྒོ་ནས་སྨན་ཁང་གི་དབུགས་ལམ་ནད་དུག་འགོས་པའི་ནད་ཐོག་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། དབུགས་ལམ་ནད་དུག་ཚོད་ལྟ་ཁང་གི་ནད་གཞི་བརྟག་དཔྱད་ལག་རྩལ་ཡང་མཐོ་རུ་གཏོང་བར་ནུས་བ་ཆེན་པོ་ཐོབ་ཡོད”ཅེས་བསྟན།
         བོད་རང་སྐྱོང་ལྗོངས་བོད་སྨན་ཁང་བཙུགས་པའི་ཚུན། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་མཐོང་ནད་དང་། ཕོག་སླའི་ནད་དང་སྣ་མང་དོགས་གནད་ཅན་གྱི་ནད་ཀྱི་སྨན་བཅོས་ཕྱོགས་ནས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་སྨན་བཅོས་བྱེད་ཐབས་དང་མཐོ་སྒང་གི་རང་བྱུང་རྩྭ་སྨན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པས་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་ཡག་པོ་ཐོབ་པ་མ་ཟད་སྙན་གྲགས་ཀྱང་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ཡོད།
          མིག་སྔར། བོད་རང་སྐྱོང་བོད་སྨན་ཁང་ནི་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྨན་བཅོས་དང་། སློབ་ཁྲིད། ཚན་རིག་ཞིབ་འཇུག སྔོན་འགོག བདེ་སྲུང་དང་བོད་སྨན་སྨན་རྫས་རིགས་ཐོན་སྐྱེད་བཅས་མཉམ་དུ་འདུས་པའི་རིམ་པ་གསུམ་པའི་ཀ་རིམ་པའི་བོད་སྨན་ཁང་ཞིག་ཏུ་གྱུར་ཡོད། །
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།