0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

༄༅།། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་གཏར་གའི་ཆེད་ལས་ཚོགས་པའི་དབུ་ཚུགས་དང་གཏར་གའི་རིག་གཞུང་བགྲོ་གླེང་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས།

ཡོང་ཁུངས།      |   ཀློག་གྲངས།    


    སྤྱི་ཟླ་༧པའི་ཚེས་༡༩ནས་༢ཉིན་གཉིས་ཀྱི་རིང་ལ་༼མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་གཏར་གའི་ཆེད་ལས་ཚོགས་པའི་དབུ་ཚུགས་དང་གཏར་གའི་རིག་གཞུང་བགྲོ་གླེང་ཚོགས་འདུ༽གནའ་མཁར་ཟི་ལིང་དུ་་གཟབ་རྒྱས་ངང་འཚོགས་ཤིང་།བོད་ལྗོངས་དང་མཚོ་སྔོན།ཀན་སུའུ་དང་ཟི་ཁྲོན་བཅས་ཀྱི་ཞིང་ཆེན་སོ་སོ་ནས་སླེབས་པའི་བོད་ལུགས་གསོ་རིག་གི་མགོ་ཁྲིད།ཤེས་ལྡན་མི་སྣ།སྨན་པ་དང་དགེ་རྒན།ཞིབ་འཇུག་པ་སོགས་མི་གྲངས་ཉིས་བརྒྱ་ལྔ་བཅུ་ལྷག་མཛད་སྒོར་ཞུགས།
རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་གཏར་གའི་ཆེད་ལས་ཚོགས་པའི་རིག་གཞུང་ཚོགས་པའི་བརྗོད་དོན་སྤྱི་ལ་དམིགས་ནས། ཚོགས་པ་གསར་འཛུགས་ཀྱི་སྒྲིག་སྲོལ་ལྟར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་དྲུང་ཡིག་གཞོན་པ་དགེ་རྒན་སྟག་འབུམ་རྒྱལ་ལགས་ཀྱི་གཏར་གའི་ཆེད་ལས་ཚོགས་པའི་ཆོག་མཆན་ཡིག་ཆ་བསྒྲགས།དེ་ནས་ཚོགས་འདུའི་གོ་རིམ་ལྟར་ཨུ་ཡོན་མི་༨༡འདེམས་བརྐོ་བྱུང་།
      རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་རྟ་མགྲིན་དབང་ཕྱུག་གིས་མདོ་འཛིན་མཛད་ལ། བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་འབུམ་རམས་པ་ཚེ་རིང་བསམ་འགྲུབ། མཚོ་སྔོན་ཞིང་ཆེན་གསོ་རིག་ཞིབ་འཇུག་གླིང་གི་སྨན་པ་འབུམ་རམས་པ་རྒྱལ་བ།    མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་ལུམས་ཚན་ཁག་གིི་ཚན་གཙོ་དཀོན་མཆོག་ཚེ་རིང་བཅས་དགེ་རྒན་བརྒྱད་ལྷག་གདན་ཞུ་བྱས་ཏེ་གཏར་གའི་ལག་ལེན་དང་སྦྲེལ་ནས་བོད་ཕྱི་ཟུང་འབྲེལ་གྱི་དཔྱད་བཅོས་ལག་ལེན་ཉམས་མྱོང་དམར་ཁྲིད་གནངས།
རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གཏར་གའི་སྒྲིག་ཁྲིམས་བཞིན་ཏུ་གཏར་གའི་གསང་དམིགས་ཀྱི་ཚོན་ལྡན་འགེལ་རིས་སྤེལ་ལ།  ཉིན་གཉིས་ཀྱི་རིང་དགེ་རྒན་རྣམ་པས་རིག་གཞུང་དང་ནད་ཐོག་ལག་ལེན་ཟུང་སྦྲེལ་གྱི་སྒོ་ནས་གཞི་རྟགས་གསོ་བའི་རྩ་དོན་དང་གཉེན་པོ་བཞིའི་འཕྲུལ་འཁོར་སྐོར་རྒྱུའི་ཆོས་ཉིད་ལ་བསྟུན་ཏེ་འཆད་ཁྲིད་གྱ་ནོམ་པ་དང་མྱོང་བྱང་སྦ་གསང་མེད་པར་གནང་བ་དེས་མ་འོངས་བའི་འཕྲོད་བསྟེན་དང་སློབ་གསོ། ཞིབ་འཇུགརིག་ཚན་འཛུགས་སྐྲུན། རྒྱུན་སྤྱོད་བདེ་སྲུང་སོགས་ཕྱོགས་མང་སྒོས་བརྒྱུད་འཛིན་དང་གསར་གཏོད་ཕྱོགས་སུ་ཤུགས་བསྣོན་བྱེད་པར་སྐུལ་འདེད་བཏང་།

 
མཇུག་མཐར་གཏར་གའི་ཆེད་ལས་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་ཉི་མ་ཚེ་རིང་ལགས་ཀྱིས་སྤྱི་སྡོམ་དང་མ་འོངས་བའི་འཆར་གཞི་སྐོར་ནས་དཔྱད་བརྗོད་གནངས་རྗེས་གཏར་གའི་ཆེད་ལས་ཚོགས་པའི་ཚོགས་མི་རྣམས་ལ་བསྐོས་རྟེན་དང་གསོ་སྦྱོང་གི་དཔང་ཡིག་ཕུལ།
    
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།