0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལུགས་གསོ་རིག་གི་དཔེ་རྙིང་དང་ཡིག་ཆའི་གཞི་གྲངས་ཅན་གྱི་ཞབས་ཞུའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།    |   ཀློག་གྲངས།    

   ཉེ་ཆར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཙོ་མིག་དམར་གྱིས་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཞིང་། བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་སྲུང་སྐྱོང་བ་རྡོ་རྗེ་སྒྲོལ་དཀར་གྱིས་གཙོ་སྐྱོང་གནང་བའི་བོད་ལུགས་གསོ་རིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་གཞི་གྲངས་ཅན་གྱི་ཞབས་ཞུའི་རྣམ་གྲངས(2020ལོ་དང2021ལོ)ལ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ཞིབ་བཤེར་རྩིས་ལེན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་དེ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པའམ་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་སྤེན་པ་ཚེ་རིང་གིས་གཙོ་སྐྱོང་བྱས་པ་རེད།
   ཚོགས་འདུའི་ཐོག་སྤེན་པ་ཚེ་རིང་གིས་རྣམ་གྲངས་དེའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། རྣམ་གྲངས་འབྲེལ་མཐུད་ཚན་ཁག་གི་བོད་ལྗོངས་ལན་ཐུའུ་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་རྣམ་གྲངས་སྤེལ་བའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཚོགས་ཞུགས་ཆེད་མཁས་པས་རྣམ་གྲངས་སྤེལ་རིང་གི་འབྲེལ་ཡོད་གནད་དོན་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ། མ་འོངས་པར་རྣམ་གྲངས་དེའི་དཔེ་རྙིང་བེད་སྤྱོད་དང་བདེ་འཇགས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་མགོ་ཞིབ་ཕྲ་བཏོན། ཚོགས་ཞུགས་ཆེད་མཁས་པས་གྲོས་བསྡུར་གཏིང་ཟབ་བྱས་པ་བརྒྱུད་རྣམ་གྲངས་དེ་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་བ་དང་། སྤེན་པ་ཚེ་རིང་གིས་བོད་ལུགས་གསོ་རིག་དང་བོད་སྨན་དཔེ་རྙིང་གཞི་གྲངས་ཅན་གྱི་ཞབས་ཞུའི་རྣམ་གྲངས་ལ་སྐུལ་འདེད་བདེ་བླག་དང་ཕན་འབྲས་མངོན་གསལ་ཐོན་པས། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་སྔར་བཞིན་རྗེས་མཐུད་རྣམ་གྲངས་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
   “རྣམ་གྲངས་དེས་བོད་ལུགས་གསོ་རིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། རྒྱལ་ཁབ་ཀྱི་རིག་གནས་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། མ་འོངས་པར། བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ལུགས་གསོ་རིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ཐོན་ཁུངས་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་དང་། སློབ་གསོ་སློབ་ཁྲིད། ཐོན་ལས་འཕེལ་རྒྱས་བཅས་ལ་སྔར་ལས་སྟབས་བདེའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན”ཞེས་མིག་དམར་གྱིས་བསྟན།
    གསར་འགོད་པས་ཤེས་གསལ་ལྟར་ན། བོད་ལུགས་གསོ་རིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་གཞི་གྲངས་ཅན་གྱི་ཞབས་ཞུའི་རྣམ་གྲངས་དེ་ཀྲུང་གོའི་དཔེ་རྙིང་སྲུང་སྐྱོང་མཐུན་ཚོགས་ཀྱིས2020ལོ་ནས་བཟུང་ལོ་ལྔ་ལ་དབྱེ་ནས་ལག་བསྟར་བྱས་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་རོགས་དངུལ་སྒོར་ཁྲི100བཏང་ཡོད་པ་རེད། ཐེངས་འདིའི་ཞིབ་བཤེར་རྩིས་ལེན་ནི2020ལོ་དང2021ལོའི་རྣམ་གྲངས་ཡིན་ལ། གྲོས་མཐུན་གཞིར་བཟུང་ན2020ལོ་དང2021ལོར་ཤོག་ལྷེ6667དང་ཤོག་ལྷེ6700ཡོད་པའི་བོད་ལུགས་གསོ་རིག་གི་དཔེ་རྙིང་གཞི་གྲངས་ཅན་གྱི་ཐག་གཅོད་ཁག་སོ་སོར་ལེགས་འགྲུབ་བྱེད་དགོས་པ་དང་། དོན་དངོས་ཐོག་ཤོག་ལྷེ7030དང་ཤོག་གྲངས7348ལེགས་གྲུབ་ཟིན་པས་ལོ་གཉིས་ནང་ཤོག་གྲངས1011ཚད་བརྒལ་ངང་ལེགས་འགྲུབ་བྱུང་བ་རེད། །
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།