0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

ཀན་ལྷོ་བོད་རིགས་ས་ཁུལ་གྱིས་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་ནད་བརྟག་སྨན་བཅོས་འཕེལ་རྒྱས་བཏང་ནས་དམངས་འཚོར་ཕན་བཏགས་པ།

ཡོང་ཁུངས།   བོད་ཀྱི་གསར་འགྱུར་དྲ་བ།    |   ཀློག་གྲངས།    


ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་སྨན་རྩིས་ཁང་དུ་སྨན་པ་ཞིག་གིས་བོད་སྨན་གྱི་སྨན་སྣོད་བསྡུ་གསོག་རྒྱག་བཞིན་པ།
      ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུའི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས། བོད་སྨན་གྱི་སྨན་བཅོས་ཞབས་ཞུའི་དྲ་བ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་འཇུ་བྱེད་མ་ལག་གི་ནད་རིགས་དང་། སྙིང་ཀླད་ཁྲག་རྩའི་ནད་རིགས། མོ་ནད། ས་མཐོའི་ནད་རིགས་སོགས་སྨན་བཅོས་བྱེད་པའི་ཐད་ཀྱི་བོད་ཀྱི་གསོ་བ་རིག་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། བོད་ཀྱི་གསོ་བ་རིག་པས་བོད་སྨན་གྱི་ཁྱད་ལྡན་སྨན་བཅོས་ལག་རྩལ་ལ་གཞོགས་འདེགས་བྱས་ནས་ཚན་རིག་དང་མཐུན་ལ་ཚད་ལྡན་མ་ལག་གི་ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་གྲུབ་པར་བྱས་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་སྨན་རིན་རྩིས་ཞུའི་བསྡུར་གྲངས་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་བར་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།