0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལུགས་གསོ་རིག་གིས་རིམས་ནད་སྨན་བཅོས་ཁྲོད་ཕན་ནུས་ཆེན་པོ་ཐོན།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།    |   ཀློག་གྲངས།    

    ད་ལོའི་ཟླ5པར། མཚོ་སྔོན་ཞིང་ཆེན་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་སྨན་བཅོས་ཀྱི་བོད་ལུགས་གསོ་རིག་མཁས་པའི་ཚོ་ཚུང་མགྱོགས་མྱུར་ངང་རྩ་འཛུགས་བྱས་ཏེ་སྨན་དོན་སྐྱོབ་བཅོས་ནང་ཞུགས་སུ་བཅུག་པ་དང་། རྐང་འཛིན་སྨན་པ་གནས་འཁེལ་སྨན་ཁང་གི་ལོགས་དབྱེའི་ནད་ཁུལ་དུ་མངགས་གཏོང་བྱས་ཏེ། ཕྱོགས་ཡོངས་ནས་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་སྐྱོབ་བཅོས་བྱེད་དུ་བཅུག་པ་རེད།
    བོད་ལུགས་གསོ་རིག་མཁས་པ་ཉིན་ལྟར་ཞིང་ཆེན་རིམ་པའི་ཆེད་མཁས་པའི་ཚོ་ཆུང་གི་མཉམ་དཔྱད་ནང་ཞུགས་པ་དང་།  《མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་བོད་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི (ཚོད་ལྟའི་དཔར་གཞི་གསུམ་པ)》གཞིར་བཟུང་རྩོད་སྒྲུབ་ཀྱིས་སྨན་བཅོས་བྱས་ཤིང་། མི་གཅིག་ལ་སྨན་བཅོས་བྱ་ཐབས་གཅིག་བེད་སྤྱད་དེ། ནད་པས་སྨན་སྤྱོད་པའི་བརྒྱུད་རིམ་ཁྲོད་ཀྱི་ནད་གཞིའི་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་བྱས་པ་དང་། སྨན་བཅོས་ཕན་འབྲས་ལ་རྗེས་འདེད་ཀྱིས་སྨན་བཅོས་ཇུས་གཞིར་དུས་ལྟར་ལེགས་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག ནད་པའི་ལུས་སེམས་གཉིས་ཀ་མཉམ་དུ་སྨན་བཅོས་བྱེད་པའི་རྩ་དོན་ལྟར། ནད་པར་སེམས་ཁམས་ཀྱི་ཁྲིད་སྟོན་བྱས་ཏེ། ནད་པའི་རིམས་ནད་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་ཇེ་ཆེར་བཏང་ཡོད། ཞིང་ཆེན་སྨན་རྫས་ལྟ་སྐུལ་སྡེ་ཁག་གིས་དུས་ཐོག་ཏུ་པྲོག་གསར་གློ་ཚད་སྨན་བཅོས་ཐད་སྤྱོད་པའི་བོད་སྨན་སྡེབ་རྫས་རིགས་9གནས་གཏན་འཁེལ་གྱི་སྐྱོབ་བཅོས་སྨན་ཁང་དུ་བསྐྱལ་རྒྱུའི་ཆོག་མཆན་སྤྲད་ནས་པྲོག་གསར་གློ་ཚད་ཕོག་པའི་ནད་པའི་ནད་ཐོག་སྐྱོབ་བཅོས་ཐད་སྤྱོད་དུ་བཅུག་ཡོད། རེས་སྐོར་འདིའི་རིམས་ནད་ཁྲོད་ཁྱོན་ནད་པ་10ལ་བརྒྱུད་རིམ་ཧྲིལ་པོར་བོད་ལུགས་གསོ་རིག་གིས་སྨན་བཅོས་བྱས་ཤིང་། སྨན་བཅོས་དུས་ཡུན་ཉིན་10ཡས་མས་ཡིན། ནད་པ་ཚང་མ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།