0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

མཚོ་སྔོན་དུ་བོད་ཀྱི་གསོ་རིག་གི་སྨན་ལུམས་དང་ཀྲུང་ལུགས་གློ་ནད་སོགས་ཀྱི་ཆེད་ཚན་མནའ་འབྲེལ་ཐོག་མ་བཙུགས་པ།

ཡོང་ཁུངས།      |   ཀློག་གྲངས།    


 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་གློ་ནད་དང་། བུད་མེད་ཚན་ཁག བཤང་རྒྱུ་ཚན་ཁག བོད་ཀྱི་གསོ་རིག་གི་སྨན་ལུམས་ཚན་ཁག་བཅས་ཀྱི་མནའ་འབྲེལ་བཙུགས་པ་རེད།

བོད་ཀྱི་སྨན་ལུམས་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁོངས་སུ་གཏོགས་ཤིང་། ལོ་གསུམ་སྔོན་ལ་ཀྲུང་གོའི“བོད་ཀྱི་སྨན་ལུམས”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཚབ་མཚོན་བརྩམས་ཆོས་ཀྱི་མིང་བྱང་ནང་དངོས་སུ་བཅུག་པ་རེད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ལི་ཤིའུ་ཀྲུང་གིས། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྣེ་འདྲེན་སྨན་ཁང་ཞིག་ཡིན་པའི་ངོས་ནས་ལེགས་ཆའི་ཁྱད་ལྡན་རིག་ཚན་བདམས་ཏེ། རྫོང་རིམ་པའི་ཀྲུང་ལུགས་བོད་ལུགས་སྨན་ཁང་དང་ཆེད་ལས་ཚན་ཁག་གི་མནའ་འབྲེལ་བཙུགས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་གི་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་དང་ཐོལ་བརྒལ་ཞིག་རེད་ཅེས་བསྟན།

ལི་ཤིའུ་ཀྲུང་གིས། དམིགས་འབེན་དམ་འཛིན་དང་ལམ་སྲོལ་འཛུགས་པ། ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཆེད་སྦྱོང་ཚན་ཁག་གི་མནའ་འབྲེལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། “འདྲ་མཉམ་གཉིས་ཕན། མཉམ་ལས་གཉིས་ཁེ། རྒྱུན་མཐུད་འཕེལ་རྒྱས”བཅས་ལ་རྐང་ཚུགས་ཏེ་ད་ཡོད་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་པ་བརྒྱུད། སྨན་བཅོས་ཀྱི་སྤུས་ཚད་དང་། ནུས་བ་མཐོར་འདེགས། རིག་གཞུང་སྤེལ་རེས། རིག་ཚན་འཛུགས་སྐྱོང་། ཕྱོགས་གཉིས་སུ་སྨན་བཅོས་སྤོ་སྒྱུར་བྱེད་པ་སོགས་ཀྱི་ཐད་ཆེད་སྦྱོང་ཚན་ཁག་གི་མནའ་འབྲེལ་བཙུགས་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་མཉམ་ལས་ཞབས་ཞུའི་མནའ་འབྲེལ་སྐྲུན་ནས། ཕྱོགས་གཉིས་ཀའི་བཟང་ཆ་ཕན་ཚུན་ཁ་གསབ་དང་། ཐོན་ཁུངས་མཉམ་སྤྱོད། ཐུན་མོང་ཐོག་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཆེད་སྦྱོང་ཚན་ཁག་གི་ནད་གཞིའི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ལ་སྔར་བས་སྤུས་ལེགས་དང་གོང་བདེ། སྟབས་བདེ་བཅས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་བསྟན།

ཁོང་གིས་ཆེད་ཚན་མནའ་འབྲེལ་བཙུགས་རྗེས་འཕེལ་རྒྱས་ཀྱི་དམིགས་ཚད་བཟོ་བ་དང་། དཔྱད་ཞིབ་ཀྱི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཆེད་ཚན་མནའ་འབྲེལ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ཟེར།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཆེད་ལས་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་ཐོག མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགན་འཁུར་བས་ཆེད་ཚན་མནའ་འབྲེལ་འཛུགས་པའི་དུས་མགོའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དེ་དང་ཆབས་ཅིག་ཆེད་ཚན་མནའ་འབྲེལ་དང་གྲོས་མཐུན་བཞག་པའི་སྨན་ཁང་གི་འཐུས་མི་དང་མཉམ་ལས་གྲོས་མཐུན་ཡི་གེར་མིང་བཀོད་པ་མ་ཟད་སྒོ་བྱང་སྤྲད་པ་རེད། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།