0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་༢༠༢༠ལོའི་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་དམ་བཅའ་ལེགས་པར་མཇུག་སྒྲིལ་བ།

ཡོང་ཁུངས།      |   ཀློག་གྲངས།    

     མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི༢༠༢༠ལོའི་བོད་ཀྱི་གསོ་བ་རིག་པའི་ཤེས་རམས་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ་དམ་བཅའ་༢༠༢༠ལོའི་ཟླ་༦པའི་ཚེས་༣དང་༤སྟེ། ཉིན་གཉིས་ཀྱི་རིང་མཚོ་སྔོན་སློབ་ཆེན་གྱི་ཤེས་རབ་ཐོག་ཁང་གི་གསུམ་ཐོག་རིག་གཞུང་སྙན་ཞུ་ཁང་དུ་འཚོགས་ཤིང་། དམ་བཅའི་ཆེད་མཁས་ཨུ་ཡོན་གྱི་དབུ་ཆེན་ལ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་རྒྱལ་བ་ལགས་དང་། ཚོགས་མི་ལ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་གནམ་ལྷ་མཁར། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཙི་བྷ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་སྐལ་བཟང་བཀྲ་ཤིས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་གཞོན་པ་མཁའ་འགྲོ་སྐྱབས་བཅས་ཞུགས་པ་དང་། དམ་བཅའི་གོ་རིམ་ཡོངས་༼མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་དམ་བཅའི་གོ་རིམ་༽དང་༼མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་སློབ་མའི་སྐྱེད་སྲིང་ཇུས་གཞི༽འི་གྲོས་གཞི་ལྟར་ལག་བསྟར་བྱས། ཐེངས་འདིར་འབུམ་རམས་སློབ་མ་༤དང་ཤེས་རམས་སློབ་མ་༡༩བཅས་ཁྱོན་བསྡོམས་ཞིབ་འཇུག་སློབ་མ་༢༣མཐར་ཕྱིན་དམ་བཅའི་སྒྲོགས་སྦྱང་ལ་ཞུགས།
   ཚོགས་འདུའི་མགོ་མཇུག་ཧྲིལ་པོར་ཆེད་མཁས་ཨུ་ཡོན་གྱི་དབུ་ཆེན་རྒན་རྒྱལ་བ་ལགས་ཀྱིས་མགོ་འཛིན་བྱས་ཤིང་། དཔྱད་རྩོམ་དམ་བཅའི་ཡུལ་དངོས་སུ་རང་སློབ་གླིང་གི་དགེ་རྒན་དང་འབུམ་རམས་ཞིབ་འཇུག་སློབ་མ། ཤེས་རམས་ཞིབ་འཇུག་སློབ་མ། དངོས་གཞིའི་སློབ་མ་སོགས་ཞུགས་ཡོད་ལ། དམ་བཅར་ཞུགས་པའི་སློབ་གྲོགས་རྣམས་ཀྱིས་རང་ཉིད་ཀྱི་ལོ་གསུམ་རིང་གི་ཞིབ་འཇུག་གི་ནང་དོན། ཞིབ་འཇུག་གི་ཐབས་ལམ། ཞིབ་འཇུག་གི་འབྲས་བུ་བཅས་སྒྲོགས་སྦྱང་བྱས་ཤིང་ཆེད་མཁས་པས་བཏོན་པའི་དྲི་བར་ལན་བཏབ།
   ཆེད་མཁས་པ་རྣམས་ཀྱིས་གཟབ་ནན་ཞིབ་ཚགས་ཀྱི་རིག་གཞུང་ལྟ་བ་གཞིར་བཟུང་ནས་དཔྱད་རྩོམ་གྱི་རྒྱབ་ལྗོངས་དང་ཐབས་ལམ། དཔྱད་འབྲས་སོགས་ཕྱོགས་ཡོངས་ནས་དཔྱད་བསྡུར་དང་ཞིབ་བཤེར་བརྒྱུད། འབུམ་རམས་སློབ་མ་༤དང་ཤེས་རམས་སློབ་མ་༡༩བཅས་ཁྱོན་བསྡོམས་སློབ་གྲོགས་༢༣བདེ་ལེགས་ངང་སློབ་མཐར་ཕྱིན་པར་གཏན་འཁེལ་བྱས།
   དབུ་ཆེན་རྒྱལ་བ་ལགས་ཀྱིས་དམ་བཅའ་ལེགས་འགྲུབ་བྱུང་ཟིན་པའི་དགེ་སློབ་ཡོངས་ལ་རྟེན་འབྲེལ་ཞུས་པ་དང་། ཐེངས་འདིའི་མཐར་ཕྱིན་དམ་བཅའ་ནི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཟེངས་སུ་ཐོན་ཞིང་། དམ་བཅའི་ཕྱོགས་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཏུ་སླེབས་ཡོད་པར་གསུངས། དེ་དང་ཆབས་ཅིག་ཏུ་ལོ་རྗེས་མའི་མཐར་ཕྱིན་སློབ་གྲོགས་རྣམས་ཀྱི་དཔྱད་རྩོམ་དམ་བཅའི་ཐད་ལ་རེ་བ་དང་དགོངས་འཆར་གསར་པ་བཏོན་ཞིང་འདི་ལས་ལྷག་པའི་ཞིབ་འཇུག་གི་འབྲས་བུ་ལེན་པའི་རེ་སྐུལ་གནང་།
   མཇུག་མཐར། དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་མཛུབ་སྟོན་སློབ་དཔོན་ཡོངས་ཀྱི་ཚབ་བྱས་ཏེ་ཐེངས་འདིའི་མཐར་ཕྱིན་དམ་བཅའི་གོ་རིམ་རྣམས་ལེགས་པར་གྲུབ་པར་རྟེན་འབྲེལ་ཞུས་པ་དང་། གདན་ཞུས་ཆེད་མཁས་པ་རྣམས་ལ་བཀའ་དྲིན་ཞུས་ཏེ་དམ་བཅའ་བདེ་ལེགས་ངང་མཇུག་སྒྲིལ།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།