0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལྗོངས་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་བུན་སྒོར་དུང་ཕྱུར1.38བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས།

ཡོང་ཁུངས།      |   ཀློག་གྲངས།    


འདི་ནི་བོད་ལྗོངས་ཆི་ཀྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིས་ལས་འགོ་བསྐྱར་འཛུགས་བྱས་པའི་ཚུལ་རེད། 
   
      ཟླ2པའི་ཚེས28ཉིན་གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ2པའི་ཚེས25ཉིན་བར་བོད་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་ཁེ་ལས6ལ་དངུལ་བུན་སྒོར་དུང་ཕྱུར1.38བཏང་ནས་བོད་སྨན་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 
ཤེས་རྟོགས་བྱུང་བ་ལྟར་ན། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བྱེད་ནུས་གལ་ཆེན་བཏོན་ཡོད། དངུལ་རྩའི་དངུལ་བུན་གྱིས་རྒྱབ་སྐྱོར་བྱས་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཁེ་ལས6བོད་ལྗོངས་ཀྱི་ལྷ་ས་དང་། ཉིང་ཁྲི། གཞིས་ཀ་རྩེ། ཆབ་མདོ་བཅས་གྲོང་ཁྱེར4ལ་ཁྱབ་ཡོད། 
      རིམས་ནད་བྱུང་རྗེས། བོད་ལྗོངས་དངུལ་ཁང་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་བཅས་ཀྱིས་བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་གཞོང་པ་ལྷ་ཆུའི་བོད་སྨན་ཚད་ཡོད་ཀུང་སི། བོད་ལྗོངས་ཏིང་ཧུང་བོད་སྨན་སྨན་རྒྱུ་ཞིབ་འཇུག་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ལ་སོ་སོར་སྒོར་ཁྲི79.23གྱི་མི་རིགས་ཚོང་དོན་གྱི་དངུལ་བུན་(མི་རིགས་ཚོང་དོན་གྱི་གཟིགས་སྐྱོང་དངུལ་བུན་ལ་ནོར་སྲིད་ཀྱི་ཁ་གསབ་ལོངས་སྤྱོད་བྱེད་ཀྱིན་ཡོད)དང་། སྒོར་ཁྲི1000གི་དངུལ་བུན་མ་དངུལ། སྒོར་ཁྲི15.8གྲངས་ཉུང་དངུལ་བུན་གྱི་མ་དངུལ་བཅས་བཏང་བ་རེད། 
གཞན་ཡང་།  ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཡན་ལག་དངུལ་ཁང་གིས་དམིགས་བསལ་ལས་དོན་དམིགས་བསལ་སྒོས་སྒྲུབ་ནས་ལས་ཀའི་ཉིན3ནང་དངུལ་བུན་ལ་བརྟག་དཔྱད་དང་། ཞིབ་བཤེར། ཞིབ་བཤེར་ཆོག་མཆན་བཅས་བྱས་པ་དང་། བོད་ལྗོངས་ཆི་ཀྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར1བཏང་ནས་རིམས་འགོག་སྨན་རྫས་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་ཉོ་རྒྱུར་སྤྱད་པ་རེད། 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།