0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱིས་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར10བཏང་ནས་བསྐྲུན་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཁུལ་གསར་པ་དེ་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་དུ་ཡོད་ཅིང་། སློབ་རའི་སྤྱིའི་རྒྱ་ཁྱོན་ལ་མུའུ500དང་རྣམ་གྲངས་སྐྲུན་ཡུན་ལོ་གསུམ་ཡིན་པ་རེད། རྣམ་གྲངས་དེ་བསྐྲུན་རྗེས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་གསར་གཏོད་དང་། དམངས་འཚོ་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང“རྩེར་སོན་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རིམ་པ་མཐོ་བའི་གསར་གཏོད་ཅན་དང་བཀོལ་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་བདེ་སྲུང་གི་དགོས་མཁོ་སྐོང་བ་བཅས་ལ་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པ་རེད། །


གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།