0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

མཚོ་སྔོན་གྱིས་བྱ་ཐབས༢༥བཏོན་ནས་ཀྲུང་བོད་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས།    མི་དམངས་ཉིན་རེའི་ཚགས་པར།   |   ཀློག་གྲངས།    

འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱ་དོན་འཁྱོལ་ནན་པོ་དང“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། སྐྱོན་བྲལ་གྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཆེད་དུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གིས《མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་དང་དེར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཏོན་ནས་བྱེད་ཐབས་ཁག25དེ་དག་ལས་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་ཡོད་པ་རེད།

《བྱེད་ཐབས་འགའ་ཞིག》ནང་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ཆ་རྐྱེན་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་ཞབས་ཞུའི་དྲ་བ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཏོན་ཡོད། 2020ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་ཁང་90%ཡན་ལ་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་ཚན་ཁག་འཛུགས་རྒྱུ་དང་། 2025ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱིས་གཞུང་བཙུགས་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་འགན་ལེགས་གྲུབ་ཟིན་པ་བྱ་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་ཁང་དང་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྒོ་བསྟེན་སྨན་ཁང་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་བཅས་དང་། ཞིང་ཆེན་གྱི་ཀྲུང་ལུགས་གསོ་བ་རིག་པའི་སྨན་ཁང་དང་ཞིང་ཆེན་གྱི་བོད་ལུགས་གསོ་བ་རིག་པའི་སྨན་ཁང་ས་ཁོངས་ཀྱི་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་ལྟེ་གནས་སུ་འགྱུར་བ་བྱ་རྒྱུ། 2025ལོར་སླེབས་སྐབས་རྫོང་རིམ་པའི་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་ཁང་85%ཡན་ཀ་པ་རིམ་པ་གཉིས་པའི་ཀྲུང་ལུགས་གསོ་བ་རིག་པ་དང་མི་རིགས་ཀྱི་གསོ་བ་རིག་པའི་སྨན་ཁང་གི་ཚད་གཞིར་སླེབས་པ་བྱ་རྒྱུ་རེད།

《བྱེད་ཐབས་འགའ་ཞིག》ནང་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་ཁང་གི་སློབ་གྲྭའི་སློབ་གསོ་གསོ་སྐྱོང་ལས་དོན་ཧུར་ཐག་སྤེལ་ནས་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་གྱི་དཔུང་ཁག་འཛུགས་སྐྱོང་དང་རྒྱུན་མཐུད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ལུགས་གསོ་བ་རིག་པའི་རྒྱུན་འཛིན་དང་གསར་གཏོད་ཀྱི“བརྒྱ་སྟོང་ཁྲི”ཡི་ཤེས་ལྡན་མི་སྣའི་འདུ་འགོད་ལག་བསྟར་བྱེད་པ། ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་། ཕུལ་བྱུང་ཤེས་ལྡན་མི་སྣ། གཞི་རིམ་གྱི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱེད་པ། ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་སྲུང་སྐྱོང་དང་རིགས་གཞུང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་རིམ་པའི་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་ལས་དོན་ཁང་བསྐྲུན་པ། “རྒྱལ་ཁབ་ཀྱི་བོད་ལུགས་གསོ་བ་རིག་པའི་ཐོན་ལས་ལག་རྩལ་གསར་གཏོད་ཞབས་ཞུའི་ལས་སྟེགས”འཛུགས་སྐྲུན་ལ་སྐུལ་མ་མགྱོགས་མྱུར་གཏོང་བ། བོད་ལུགས་གསོ་བ་རིག་པ་ཚད་ལྡན་ངང་བསྐྲུན་པ། ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་དང་འཚམ་པའི་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་སྨན་རྩྭ་འདེབས་འཛུགས་དང་ཐོན་སྐྱེད་བྱེད་སྟངས་འཚོལ་ཞིབ་བྱེད་དགོས་པ་དང་སྨན་གསར་པ་ཞིབ་སྤེལ་བྱ་རྒྱུར་སྐུལ་མ་བཏང་ནས་ཀྲུང་ལུགས་གསོ་བ་རིག་པ་དང་བོད་ལུགས་གསོ་བ་རིག་པའི་ཐོན་ལས་ལྗང་མདོག་འཕེལ་རྒྱས་དར་སྤེལ་གཏོང་དགོས་པ་བཏོན་ཡོད། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།