0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཧུར་ཐག་ཞུགས་པ།

ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |   ཀློག་གྲངས།    

ལང་ཚོ་ཆུད་མི་ཟ་བར་འཐབ་ས་དང་པོར་འཇོན་ཐང་ངོམས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་ལ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ཏང་ཡོན་སློབ་མར་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཁོ་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་མོས་ཀྱིས་དམག་འཐབ་ལ་ཞུགས་རྒྱུའི་རེ་བ་བཏོན་ཏེ་གཞི་རིམ་དུ་བསྐྱོད་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་སྐྱོར་བྱས་པ་རེད།

    ཀྲང་ཙེ་ཤིན། བཙོག་ཟིང་ངལ་དུབ་ཆེ་བའི་ལས་ཀ་ཧབ་ཐོབ་ཀྱིས་སྒྲུབ་པ།

    འདི་ལོའི་ཟླ་7པར་སློབ་གྲྭ་ཐོན་མཁན་ཞིག་ཡིན་པའི་ཀྲང་ཙེ་ཤིན་ནི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2017ལོའི་ཆེད་ལས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཞིག་རེད། སྔོན་འགོག་ཚོད་འཛིན་གྱི་ལས་དོན་རིང་ཀྲང་ཙེ་ཤིན་གྱིས་སློབ་གྲྭ་ནས་འགྲོ་འོང་བྱེད་མཁན་ལ་ཚ་བ་ལྟ་བ་དང་། ཆ་འཕྲིན་ཐོ་འགོད་བྱེད་པ། ལོགས་འཇོག་མི་སྣར་ལྟ་སྐུལ་བྱེད་པ་བཅས་ཀྱི་འགན་འཁུར་གྱི་ཡོད། མ་གཞི་ལས་ཀ་ཙག་ཙིག་ཤ་སྟག་ཡིན་མོད། འོན་ཀྱང་དེ་དག་ཚང་མ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡོད་པས་ཀྲང་ཙེ་ཤིན་གྱིས་ཧ་རི་ཧུ་རི་གཏན་ནས་བྱེད་ཀྱི་མེད། ཀྲང་ཙེ་ཤིན་གྱིས“མིག་སྔར་ང་སྟབས་བདེའི་སྒོ་བསྟེན་སྨན་ཁང་དུ་ཚ་བ་རྒྱས་མིན་གྲལ་བཤེར་གྱི་ལས་དོན་བསྒྲུབས་ཏེ་ནད་པར་ཚ་བ་རྒྱས་པའི་ནད་རྟགས་ཡོད་མེད་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཀྱི་ཡོད། ཚ་བ་རྒྱས་པའི་ནད་པའི་སེམས་ཁྲལ་དང་བློ་མི་བདེ་བར་དམིགས་ཏེ་ངས་རྟག་ཏུ་ཁོ་ཚོར་སེམས་ཁམས་གསེད་བཀྲོལ་གྱིས་སེམས་པ་ལྷོད་དུ་འབེབས་ཐབས་བྱེད་ཀྱི་ཡོད”ཅེས་བརྗོད།

    རྡོ་རྗེ་སྒྲོལ་མ། གཞི་རིམ་དུ་ལང་ཚོའི་དམ་བཅའ་ལག་བསྟར་བྱེད་པ།

    “ངས་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་འདི་ཕ་ཡུལ་དང་ཡུལ་མི་སྤུན་མཆེད་ཚོར་ལེགས་སྐྱེས་འབུལ་འདོད་ཡོད” ཟླ་1ཚེས་28ཉིན་ནས་བཟུང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2018ལོའི་ནད་ཐོག་མཁོ་ཆོད་སྨན་པའི་ཆེད་ལས་སློབ་མ་རྡོ་རྗེ་སྒྲོལ་མ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཆུ་དྲོ་མོ་ཤང་སྒོ་སྨད་གྲོང་ཚོས་སྒྲིག་འཛུགས་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞུགས།

    འཚོ་བའི་གོམས་གཤིས་ཀྱིས་རྐྱེན་པས་སྒོ་སྨད་གྲོང་ཚོའི་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཞན་ཙམ་ཡོད། འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ལ་བསམ་གཞིག་བྱེད་མྱོང་མེད་ལ། ཁ་རས་མ་བརྒྱབ་པར་འདུ་འཛོམས་བྱེད་པར་དགའ་པོ་ཡོད། གནད་དོན་དེ་དག་ལ་དམིགས་ཏེ་རྡོ་རྗེ་སྒྲོལ་མས་ཡུལ་མི་ཚོར་འགྲེལ་བཤད་ཡང་སྐོར་བསྐྱར་སྐོར་བརྒྱབ་ནས་ལས་དོན་སྒྲུབ་ཀྱི་ཡོད། གྲོང་མི་ཚོར་ཁ་རས་རྒྱག་པ་དང་ལག་པ་ཡང་ཡང་འཁྲུ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་ཁྲིད་སྟོན་བྱ་ཆེད། ཁོང་གིས་ཐ་ན་མི་གཅིག་ལ་ཡང་སྐོར་བསྐྱར་སྐོར་གྱིས་འགྲེལ་བཤད་ཐེངས་མང་རྒྱག་གི་ཡོད། རྡོ་རྗེ་སྒྲོལ་མས་དགའ་ཚོར་ཆེན་པོས“ཡུལ་མི་ཚོར་འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་པ་དང་རང་ངོས་སྲུང་སྐྱོང་ཡག་པོ་བྱེད་པར་རོགས་རམ་བྱ་ཆེད་ངས་ངེས་པར་དུ་དེ་ལྟར་བྱེད་དགོས། ཚང་མའི་གོམས་གཤིས་རིམ་བཞིན་ཇེ་ཡག་ཏུ་འགྲོ་བ་མཐོང་སྐབས། ང་དགའ་ཚོར་ཆེན་པོ་བྱུང་ལ་རང་ཉིད་ཀྱིས་བསྒྲུབས་པའི་ལས་ཀར་དོན་སྙིང་ལྡན་པའི་ཚོར་སྣང་ཞིག་ཀྱང་སྐྱེ་ཡི་འདུག”ཅེས་བརྗོད།

    ཝང་ཆུང་། རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མ་ཐོབ་བར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མིན།

    ཝང་ཆུང་ནི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2018ལོའི་སྙིང་ཀླད་ཁྲག་རྩའི་ཚན་ཁག་གི་ཆེད་ལས་ཞིབ་འཇུག་སློབ་མ་ཞིག་རེད། ཁོང་གིས་ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་རྒྱ་ཆེའི་སྨན་དོན་མི་སྣས་གདོང་མཆོང་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གོས་དཀར་ལྷ་རྗེའི་ནད་བཅོས་སྲོག་སྐྱོབ་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས་ཡོད། “རིམས་ནད་ཚབས་ཆེན་གྱི་མདུན་དུ་ན་གཞོན་ཚོ་གོས་དཀར་ལྷ་རྗེར་གྱུར་པས་སེམས་ལ་འགན་འཁྲི་འཁུར་སེམས་དང་སྤོབས་སེམས་ཤིག་ངམ་ངམ་ཤུགས་ཀྱིས་སྐྱེ་ཡི་འདུག”ཅེས་བརྗོད།

    ཝང་ཆུང་དང་སློབ་གྲོགས་ཚོས་ཉིན་ལྟར་སློབ་གྲྭའི་སྒོ་འགྲམ་ནས་འགྲོ་འོང་བྱེད་མཁན་ལ་ཚ་བ་ལྟ་བ་དང་ཆ་འཕྲིན་ཐོ་འགོད་བྱེད་པའི་འགན་འཁུར་གྱི་ཡོད། འཚོ་བའི་ཁྲོད་ཁོང་ནི་འབྲེལ་འདྲིས་བདེ་བའི་མི་ཞིག་ཡིན་པ་དང་། ལས་ཀའི་ཁྲོད་ཁོང་ནི་གཟབ་ནན་ཆེ་བ་ཞིག་ཡོད། སློབ་གྲྭར་སྐྱོད་མཁན་ཡིན་ཕྱིན་ཚང་མར་ངེས་པར་དུ་ཞིབ་བཤེར་བྱེད་དགོས་ཀྱི་ཡོད་པས་མི་གཅིག་ཀྱང་ཁོང་གི་མིག་འོག་ནས་ཐར་མི་སྲིད། ཁོང་གིས“ནད་དུག་སློབ་གྲྭར་རྩ་བ་ནས་མ་མཆེད་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    ཁྱིམ་ཚང་ཆུང་ངུའི་ནང་དུ་ཁོང་ཚོ་ཚང་མ་ནི་ཕ་མའི་མིག་ནང་གི་ནམ་ཡང་འཚར་ལོངས་བྱུང་མེད་པའི་ཕྲུ་གུ་ཞིག་ཡིན་ཞིང་། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཁོང་ཚོ་ནི་སློབ་གྲོགས་ཚོའི་མིག་དཔེ་བཟང་པོ་རེད་ལ་དྲང་ནུས་ཤུགས་ཆེན་ཡང་གཅིག་ཏུ་བསྡུས་ཡོད། གཞོན་ནུ་སློབ་མ་དེ་བས་མང་བས་ཁོང་ཚོ་དང་འདྲ་བར་རང་ཉིད་ཀྱི་སེམས་ནུས་ལ་བརྟེན་ནས་ལང་ཚོའི་བསྟོད་གླུ་རེ་རེ་བཞིན་རྩོམ་བཞིན་མཆིས།

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།