0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

ཀྲང་ལིས་ཞིང་ཆེན་བོད་སྨན་ཁང་དང་བོད་སྨན་ཁེ་ལས་སྐོར་ཞིག་ཏུ་སོང་ནས་བོད་སྨན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཡོང་ཁུངས།   མཚོ་སྔོན་གསར་འགྱུར་དྲ་བ།   |   ཀློག་གྲངས།    

      ཉེ་ལམ།    མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཞིང་ཆེན་བོད་སྨན་ཁང་དང་བོད་སྨན་ཁེ་ལས་སྐོར་ཞིག་ཏུ་སོང་ནས་བོད་སྨན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་།   ཁེ་ལས་ཀྱི་དགོས་མཁོ་དང་བསམ་འཆར།  གྲོས་གཞི་ལ་གཟབ་ནན་གྱིས་ཉན་ཏེ་ཚན་རྩལ་གསར་སྐྲུན་ཐད་ཀྱི་དཀའ་གནད་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས།  ཀྲང་ལིས་ཀྱིས་ནན་གྱིས་བསྟན་དོན།   ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།   ཚན་རྩལ་རོགས་འདེགས་འཕེལ་རྒྱས་ཀྱི་སྦྲེལ་གནས་དང་ཤུགས་འདོན་ས་བཙལ་ཏེ་ནུས་ཡོད་སྒོས་ཚན་རྩལ་གསར་སྐྲུན་གྱིས་བོད་སྨན་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཀྲང་ལིས་ཀྱིས་ཚན་རྩལ་བྱ་བ་སྒྲུབ་མཁན་དང་ཚན་རྩལ་སྡེ་ཁག་དག་གིས་དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།    ཐོན་ལས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་དགོས་མཁོ་ཡང་དག་པར་འཚོལ་བ།   གནད་ཕིགས་སྦྲེལ་མཐུད་བྱེད་པ།   མགྱོགས་མྱུར་གྱིས་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་ཁྲོམ་རས་གཙོ་ཁྲིད་བྱེད་པ།   ཁེ་ལས་གཙོ་གཞི་ཡིན་པ།   མཉམ་ལས་གཉིས་རྒྱས་གྱི་འཕེལ་རྒྱས་ནང་རྐྱེན་གྲུབ་པར་བྱས་ཏེ་བོད་སྨན་ཚན་ལྡན་ཡིག་ཆ་འཚོལ་ཞིབ་ལེགས་སྒྲིག་དང་སྨན་རྫས་གསར་སྤེལ།   སྨན་རྫས་ཐོན་ཁུངས་སྲུང་སྐྱོབ་ཐད་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་དགོས།  མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་གྱི་ཚན་རྩལ་དགེ་མཚན་ལ་བརྟེན་ནས་བོད་སྨན་འཕེལ་རྒྱས་དང་ཁེ་ལས་གསར་སྐྲུན་ཐད་ཤུགས་འདོན་དགོས་པ་དང་།   ཚན་རྩལ་གསར་སྐྲུན་གྱིས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་དགོས།   རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོ་དང་ཚན་རིག་ཞིབ་འཇུག་ཁང་།  ཁེ་ལས་ཞིབ་འཇུག་གསར་སྤེལ་མི་སྣའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ཁུངས་ལེགས་སྒྲིག་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ།  མཉམ་དུ་ལག་རྩལ་མཁྲེགས་གཏོར་སྤེལ་བ།   གསར་སྐྲུན་སྟེགས་བུ་མཉམ་འཛུགས་བྱེད་པ་སོགས་བྱས་ཏེ་བོད་སྨན་འཕེལ་རྒྱས་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་དང་།   ཚན་རྩལ་གྲུབ་འབྲས་ཀྱིས་སྤྱི་ཚོགས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་རེ་བ་བཏོན།

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།