0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་འཕར་ཚད་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་སླེབས།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

ཉེ་བའི་ལོ་འདི་འགར།  མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་བཅོས་ལས་ཁུངས་གཞི་རིམ་དུ་གང་སར་ཁྱབ་ཡོད།  རྒྱལ་ཁབ་ཀྱིས་གཉེར་བའི་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་ལས་གཞན།   རང་ཞིང་གི་དམངས་གཉེར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་འཕར་ཚད་རྒྱལ་ཡོངས་ནས་སྔོན་གྲས་སུ་སླེབས་ཡོད་པ་རེད།  འདི་ནི་ཉེ་ལམ་གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པའི་གནས་ཚུལ་རེད།

མིག་སྔར།  ཞིང་ཆེན་ཡོངས་ནས་ཀྲུང་ལུགས་བོད་ལུགས་སྨན་བཅོས་ཁང་གི་སྤྱི་གྲངས་བཞི་བརྒྱ་དང་ལྔ་བཅུ་ལ་སླེབས་ཡོད་པ་དང་།  བརྒྱ་ཆའི་དོན་གསུམ་གྱི་རྫོང་ལ་རྒྱལ་གཉེར་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་ཡོད་ཅིང་།  ཞིང་ཆེན་ཡོངས་སུ་རྫོང་རིམ་པ་ཡན་གྱི་རྒྱལ་གཉེར་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་ཁང་ཞེ་གཉིས་ཙམ་ཡོད་ལ།  ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་སྨན་ཁང་གིས་སྤྱི་གྲངས་ཀྱི་བརྒྱ་ཆའི་བཞི་ཅུ་ཟིན།  འཛུགས་སྐྲུན་བྱས་ཚར་བ་དང་འཛུགས་བྱེད་བཞིན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་ཁྱོན་སྡོམ་བཞི་བརྒྱ་དང་སོ་བདུན་ཡོད་པས། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡོངས་སུ་ཁེབས་པའི་དམིགས་འབེན་མངོན་འགྱུར་བྱུང་།  དེ་རྒྱལ་ཡོངས་ཆ་སྙོམ་ཆུ་ཚད་དང་བསྡུར་ན་ཆ་སྙོམ་གྱིས་མཐོ་བ་རེད།

དེ་དང་མཉམ་དུ། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་གཙོ་བྱས།  ཞིང་ཆེན་ཡོངས་སུ་ཁེབས་པའི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ཀྱི་མཉམ་འབྲེལ་ཕུང་བོ་གྲུབ་པར་མ་ཟད། ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ལས་ཁུངས་ཞབས་ཞུའི་ནུས་པ་རྒྱུན་མཐུད་སྒོས་མཐོར་འདེགས་བྱུང་། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།