0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི(མཚོ་སྔོན)”ལ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཆེད་དོན་རྣམ་གྲངས་ཆོག་མཆན་ཐོབ་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉེ་ལམ། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས“2019ལོའི་ཀྲུང་ལུགས་སྨན་རྫས་རྒྱལ་སྤྱིའི་མཉམ་འབྲེལ་ཆེད་དོན་རྣམ་གྲངས”ཀྱི་གྲས་སུ་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་སློབ་གྲྭ་ཆེན་མོའི་མི་ཁྲིའི་འཆར་འགོད་རྒྱལ་ཁབ་རིམ་པའི་དགེ་རྒན་ཆེན་མོ་ཀླུ་བྱམས་རྒྱལ་གྱི་གཙོ་སྐྱོང་གནང་བའི““བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི”ནི་བོད་སྨན་ལས་རིགས་ཁྲོད་བདམས་ཐོན་བྱུང་བའི་རྣམ་གྲངས་གཅིག་པུ་ཡིན་ལ། ལག་བསྟར་བྱེད་ཡུན་ལོ་གཅིག་ཡིན། 

 “བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི(མཚོ་སྔོན)”རྣམ་གྲངས་ཀྱིས་མཚོ་སྔོན་སློབ་ཆེན་གྱི་བོད་ཀྱི་གསོ་རིགས་སློབ་གླིང་དང་། ཞིང་ཆེན་བོད་སྨན་ཁང་། ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་། ཨ་རིལ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱི“ཕྱོགས་ལྔ་གཞི་གཅིག(ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུགསྨན་བཅོས། རིག་གནས)”བཅས་ཀྱི་ལམ་སྲོལ་དང“W+2+5+3”བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱིའི་མཉམ་ལས་ཀྱི“མཚོ་སྔོན་གྱི་བྱེད་སྟངས”ལ་བརྟེན་ནས་མཚོ་སྔོན་སློབ་ཆེན་གྱི་མི་རིགས་གསོ་རིག་དར་སྤེལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། སྤྱི་ཚོགས་འཕེལ་རྒྱས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བཅས་ལ་སྟེགས་བུ་གསརབ་ཞིག་མཁོ་འདོན་བྱ་རྒྱུ་རེད། 

 “2019ལོར་ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་ལས་ཆེད་དོན་རྣམ་གྲངས”དང“རྒྱུད་གཅིག་ལམ་གཅིག”གི་ཕྱི་རྒྱལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་རིགས་ཀྱི་རྣམ་གྲངས། “རྒྱུད་གཅིག་ལམ་གཅིག”གི་ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་ལས་རྟེན་གཞིའི་རིགས་ཀྱི་རྣམ་གྲངས། ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་ཚད་གཞིའི་མ་ལག་རིགས་ཀྱི་རྣམ་གྲངས། ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་རིགས་ཀྱི་རྣམ་གྲངས་སོགས་རིགས་བཞིའི་རྣམ་གྲངས་ཚུད་ཡོད་པ་རེད། ད་ལོར“རྒྱུད་གཅིག་ལམ་གཅིག”གི་ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་ལས་རྟེན་གཞིའི་རིགས་ཀྱི་རྣམ་གྲངས་11འཛུགས་རྒྱུ་རེད།   ། 


གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།