0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལུགས་གསོ་རིག་བོད་སྨན་ཐོན་རྫས་མཉམ་ལས་དང་འཕེལ་རྒྱས་གཏོང་བའི་གླེང་སྟེགས།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

 ཟླ8པའི་ཚེས8ཉིན། 2019ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་འགྲེམས་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་འགྲེམས་སྟོན་བོད་ལུགས་གསོ་རིག་བོད་སྨན་ཐོན་རྫས་མཉམ་ལས་དང་འཕེལ་རྒྱས་གཏོང་བའི་གླེང་སྟེགས་ཟི་ལིང་དུ་གཉེར་བ་རེད། བོད་ལྗོངས་དང་། པེ་ཅིང་། ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཚན་རྩལ་ལས་དོན་པ་དང་བོད་ལུགས་གསོ་རིག་ཁེ་ལས་ཀྱི་འཐུས་མི80ཙམ་གླེང་སྟེགས་སུ་ཞུགས་ཡོད ། 

    ཐེངས་འདིའི་གླེང་སྟེགས་ནི་ཞིང་ཆེན་ཚོང་དོན་ཐིང་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བོད་ལུགས་གསོ་རིག་རིག་པས་རོགས་སྒྲུབ་བྱས། ཐེངས་འདིའི་གླེང་སྟེགས་སྟེང་ཅང་ཤིས་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན་ཀྲོང་གོ་ཝོ་དང་། མཚོ་སྔོན་མི་རིགས་གསོ་རིག་སློབ་གླིང་གི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་ལིན་ཕུང་ཁྲེང་། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཡོན་ཀྲང་དང་འབུམ་རམས་པའི་སློབ་དཔོན་ཀྲའོ་ཅུན་ཉིང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་བོད་སྨན་ཞིབ་འཇུག་ཁང་གི་ཡོན་ཀྲང་རྡོ་རྗེ། ཆི་ཀྲེང་བོད་སྨན་བཟོ་ཚོགས་ཀྱི་ལས་དོན་སྤྱིའི་ལྟ་སྐུལ་བ་མགོན་པོ་བཀྲ་ཤིས། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་སིའི་འཇིགས་མེད་ཕུན་ཚོགས་དང་། ཅིན་ཧ་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀེང་ཅུན་སོགས་ཀྱི་ཆེད་མཁས་པས་མི་རིགས་སྨན་སྤྱོད་ཐོན་ཁུངས་ཀྱི་རྟོག་ཞིབ་དང་། ཀྲུང་ལུགས་བོད་སྨན་ཐོན་ལས་འཕེལ་རྒྱས་ལས་སྟེགས་འཛུགས་སྐྲུན། ཀྲུང་ལུགས་བོད་སྨན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས། རྒྱུན་འཛིན་གསར་གཏོད་སོགས་ཐད་ཀྱི་འབྲེལ་ཡོད་རིག་གཞུང་སྙན་ཞུ་བྱས་པ་རེད། 

    བོད་ལུགས་གསོ་རིག་བོད་སྨན་ཐོན་ལས་ནི་རང་ཞིང་གི་སྐྱེ་ཁམས་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆིང་པ་”དང་། ལོ་རྒྱུས་རྒྱུན་འཛིན། གསར་གཏོད་གསར་འབྱེད། ཞིབ་འཇུག་ཞིབ་ཚགས། ལག་ལེན་ཟམ་མི་ཆད་པར་བཅས་བྱས་པས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།