0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ཀྱི་གསོ་རིག་རྒྱུན་འཛིན་གསར་གཏོད་ལ་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད།

ཡོང་ཁུངས།   ཞིན་ཧྭ་དྲ་བ།   |   ཀློག་གྲངས།    

      བོད་རང་སྐྱོང་ལྗོངས་ཀྱི་སྨན་རྩིས་ཁང་གི་རུས་ནད་ཚན་ཁག་ནི1994ལོར་བཙུགས་པ་དང་། ད་ལྟར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་ཆེད་སྦྱོང་ཚན་ཁག་གལ་ཆེན་དང་། རྒྱལ་ཁབ་རིམ་པའི་རིག་གཞུང་ཚན་ཁག་གི་སྒོ་བྱང་བཀལ་ཡོད། དེ་ནི་འབྲེལ་ཡོད་རིག་གཞུང་ཚན་ཁག་འཛུགས་སྐྲུན་དང་ནད་ཐོག་ཞིབ་འཇུག་ཀྱི་ལེགས་ཆ་ཡོད་པ་དང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་གསོ་རིག་ལ་ཤུགས་ཆེན་པོས་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད།” ཉེ་ཆར། སྨན་རྩིས་ཁང་གི་རུས་ནད་ཚན་ཁག་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་གིས། ཀྲུང་དབྱང་གི་བོད་ཀྱི་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་སྲོལ་རྒྱུན་གྱི་བོད་ཀྱི་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་ཡིད་ཆེས་སྔར་བས་ཆེ་རུ་བཏང་ཡོད། “ང་རང་ལས་འཁྱུར་ངལ་གསོ་མ་བྱས་གོང་དུ། ཆུ་ཚད་མཐོ་བའི་སྨན་རྩིས་ཁང་གི་ཞིབ་འཇུག་རུ་ཁག་ཅིག་སྣེ་ཁྲིད་བྱ་དགོས”ཞེས་ཟེར།

    “བོད་ཀྱི་གསོ་རིག་གི་ནད་བརྟག་སྨན་བཅོས་དང་ནད་ལུགས་ཞིབ་དཔྱད་ཚད་ལེན་སོགས་ལའང་ཚན་རིག་དང་མཐུན་པའི་གྲངས་གཞིའི་འདེགས་སྐྱོར་བྱ་དགོས་ལ། དུས་བསྟུན་མདུན་སྐྱོད་ཀྱིས་དེང་རབས་ཀྱི་བོད་ཀྱི་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་ན་མི་དེ་བས་མང་བས་དང་ལེན་བྱེད་ངེས་རེད།”

1986ལོར་སྨན་རྩིས་ཁང་དུ་ལས་ཀར་ཞུགས་པ་ནས་བཟུང་། བཀྲ་ཤིས་ཚེ་རིང་ནི་དེ་སྔོན་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་གླིང་རུས་རྨས་ཚན་ཁག་ཞིབ་འཇུག་ཁང་དང་། ཝང་ཅིང་སྨན་ཁང་། ཧོ་ནན་ཞིང་ཆེན་ལའོ་དབྱང་རུས་དྲང་སྨན་ཁང་། སི་ཁྲོན་ཧྭ་ཞི་སྨན་ཁང་སོགས་སུ་སློབ་སྦྱོང་སྤེལ་རེས་བྱས་མྱོང་ཡོད། 

རྒྱལ་ཁབ་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག བཀྲ་ཤིས་ཚེ་རིང་གིས་ཚན་ཞིབ་ཚོགས་པ་སྣེ་ཁྲིད་ནས་བོད་ཀྱི་གསོ་བ་རིག་པའི་རྨས་སྐྱོན་རིག་པའི་ཁྲོད་ཀྱི་རུས་མཐུད་ཐབས་ལམ་ལ་ཞིབ་འཇུག་དང་ལེགས་བཅོས་གཏིང་ཟབ་བྱས་ཏེ། ནད་ཐོག་ལག་ལེན་ཁྲོད་སྐྱེ་དངོས་ཤུགས་རིག་པ་དང་འགུལ་སྐྱོད་གསོ་བ་རིག་པ། ཆ་རྡུལ་རྒྱུ་ཆ་བཅས་ཀྱི་མ་ལག་དང་ཟུང་འབྲེལ་བྱས་ཏེ་རུས་ཆག་སྣ་ཚོགས་ལ་འཚམ་པའི་གསོ་བཅོས་ཐབས་ལམ་ཆ་ཚང་ཞིག་ཕྱོགས་སྡོམ་བྱས་ཡོད་པ་མ་ཟད། དེ་མཚུངས་ཀྱི་སྨན་བཅོས་རྩ་དོན་དང་བོད་ཀྱི་གསོ་རིག་གི་རུས་རྨས་ནད་རིགས 150ཡི་ནད་བརྟག་སྨན་བཅོས་ཚད་གཞི་གཏན་འབེབས་བྱས་ཡོད། 

བདེ་ཆེན་དཔལ་སྒྲོན་ནི་སྨན་རྩིས་ཁང་གི་མཆིན་ནད་ཚན་ཁག་གི་ཀྲུའུ་རེན་རེད། “ད་ལྟ་ལས་རིགས་ཁག་གིས་བོད་ཀྱི་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། རིག་གཞུང་སྣེ་ཁྲིད་པ་དང་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་ཆེན་གྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན་ཡིན་པའི་ངོས་ནས་ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་ཤེས་ལྡན་མི་སྣ་དང་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ” བདེ་ཆེན་དཔལ་སྒྲོན་གྱི་སློབ་ཁྲིད་བརྒྱུད་རིམ་ཁྲོད་རིགས་པའི་གཞུང་ལུགས་དང་ལག་ལེན་གལ་ཆེན་མཉམ་དུ་བརྩིས་ནས་སློབ་མས་མེ་བཅོས་དང་། བྱུག་པ། ཁྲག་གཏར་སོགས་བོད་ཀྱི་གསོ་རིག་གི་ཁྱད་ལྡན་ནད་བརྟག་སྨན་བཅོས་ཀྱི་རྩལ་ནུས་བཅོ་བརྒྱད་ཁོང་དུ་ཆུད་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད།

བདེ་ཆེན་དཔལ་སྒྲོན་གྱི་ཞིབ་འཇུག་སློབ་མ་དབང་ཆེན་སྒྲོལ་མ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནས་ཡིན་ཞིང་། ཁོ་མོས“ང་ལ་ཐད་ཀར་བོད་སྨན་གྱི་སྨན་རྒྱུ་ཤེས་རྟོགས་བྱེད་དུ་འཇུག་ཆེད། དགེ་རྒན་གྱིས་ང་དང་སྨན་རྩིས་ཁང་གི་ལས་བྱེད་མི་སྣ་མཉམ་དུ་རི་འགོར་སོང་ནས་སྨན་འཐུ་བར་མངགས་ཤིང་། ཁོམ་པ་བྱུང་དུས་བོད་སྨན་མི་འདྲ་བའི་སྨན་ནུས་དང་སྨན་ལུགས་ཐད་ང་ལ་རྒྱུགས་བླངས་པ་རེད”ཟེར།

“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་བོད་ཀྱི་གསོ་རིག་དང་བོད་སྨན་རྒྱུན་འཛིན་དབར་འབྲེལ་བ་ཟབ་མོ་ཡོད། སྲོག་ཆགས་དང་རྩི་ཤིང་། གཏེར་རྫས་ནི་བོད་སྨན་ལ་མེད་དུ་མི་རུང་བའི་རྒྱུ་རྐྱེན་ཆེན་པོ་གསུམ་རེད།” བཀྲ་ཤིས་ཚེ་རིང་གིས། ཀྲུང་དབྱང་གི་བོད་ཀྱི་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པ་བཏོན་ཡོད་པས།  འདི་ནི་བོད་ཀྱི་གསོ་རིག་ལས་སྒྲུབ་མི་སྣའི་བློ་ལ་ཧ་ཅང་བབས་ཡོད་ཅེས་ཟེར། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།