0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་བོད་ལུགས་གསོ་རིག་གི་རྫོང་ཁོངས་ཀྱི་སྨན་བཅོས་འཛུགས་སྐྲུན་བྱ་བའི་ཡུལ་དངོས་བརྗེ་རེས་ཚོགས་འདུ་འཚོགས།

ཡོང་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

        ཟླ9བའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་བོད་ལུགས་གསོ་རིག་གི་རྫོང་ཁོངས་སྨན་བཅོས་འཛུགས་སྐྲུན་སྟེགས་བུ་འཛུགས་སྐྲུན་བྱས་ཟིན་པ་དང་། ཀྲུང་ལུགས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལ་རྒྱུན་འཛིན་འཕེལ་རྒྱས་ཐོབ་ཅིང་། མི་དམངས་མང་ཚོགས་ལ་བདེ་ཐང་ཞབས་ཞུ་མཁོ་འདོན་བྱས་ཤིང་། སྨན་བཅོས་ལས་སྒྲུབ་པར་བཅོས་བསྒྱུར་ཁྲོད་ཁེ་ཕན་ཐོབ།

ཚོགས་འདུས་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས་དང་། རྫོང་ཁོངས་ཀྱི་སྨན་བཅོས་འཛུགས་སྐྲུན་དེ་སྨན་བཅོས་བཅོས་བསྒྱུར་གྱི་ནང་དོན་གལ་ཆེན་དང་བྱེད་ཐབས་སུ་བྱས་ཏེ། གོ་སྐབས་དམ་འཛིན་དང་ཁྱད་ཆོས་དམ་འཛིན། ཐོལ་བརྒལ་གནད་དུ་བཟུང་ནས། ཀྲུང་ལུགས་བོད་ལུགས་གསོ་རིག་སྨན་ཁང་གི་སྣེ་ཁྲིད་བྱེད་པའི་སྨན་བཅོས་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀྲུང་ལུགས་བོད་ལུགས་གསོ་རིག་གི་དགེ་མཚན་འདོན་སྤེལ་གྱིས། སྨན་བཅོས་སྟེགས་བུའི་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། ཕན་ནུས་ལྡན་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་སྡེབ་སྒྲིག་དང་། ཕན་ཚུན་འབྲེལ་བའི་སྨན་བཅོས་འཕྲོད་བསྟེན་བརྡ་འཕྲིན་མ་ལག་སྒྲིག་འཛུགས་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས། མི་དོན་སྡེབ་སྒྲིག་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། གླ་ཕོགས་སྒྲིག་སྲོལ་འཚོལ་ཞིབ་ལ་སྐུལ་འདེད་དང་། སྨན་བཅོས་འགན་སྲུང་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། རྒྱུགས་ལེན་དཔྱད་འཇོག་ལ་ཤུགས་བསྣན་ཏེ། སྨན་བཅོས་སྟེགས་བུའི་བཅོས་སྐྱོང་མ་ལག་ལ་ཤུགས་བསྣོན་དང་། ཀྲུང་ལུགས་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་དམིགས་འབེན་སྒྲིག་འཛུགས་བྱེད་དགོས་ཞེས་བསྟན། 

ཚོགས་འདུས་ཀྲུང་ལུགས་བོད་ལུགས་གསོ་རིག་གི་དགེ་མཚན་འདོན་སྤེལ་དང་། རྫོང་ཁོངས་ཀྱི་སྨན་བཅོས་སྟེགས་བུ་འཛུགས་སྐྲུན་དང་ལྟ་ཞིབ་ཚད་ལེན་མ་ལག་སོགས་ཀྱི་ཐད་བླང་བྱ་དང་རེ་བ་བཏོན།  །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།