0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

《ཝུའུ་ཐེན་དབྱིའི་མཐོ་སྒང་གི་གསོ་རིག》དཔེ་དེབ་འགྲེམས་སྤེལ་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ   |   ཀློག་གྲངས།    

        ཟླ12པའི་ཚེས24ཉིན“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་གནད་ཚན་རྩལ་དཔེ་དེབ་གྲས་ཀྱི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་ཨུ་ལྷན་གྱི་རྣམ་གྲངས《ཝུའུ་ཐེན་དབྱིའི་མཐོ་སྒང་གི་གསོ་རིག》དཔེ་དེབ་ཀྱི་འགྲེམས་སྤེལ་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་སྙིང་ཀླད་ཁྲག་རྩའི་ནད་རིགས་ཆེད་ལས་ཚན་སྨན་ཁང་དུ་འཚོགས། 

དེབ་དེར་བསྡོམས་པས་ཤོག་གྲངས115དང་ཡིག་འབྲུ་ཁྲི343ཡོད།  སྐད་བརྡ་རིག་པ་དང་མིའི་རིགས་རིག་པ།  གནའ་རྫས་རྟོག་ཞིབ་རིག་པ་བཅས་དང་ཆ་རྡུལ་སྐྱེ་དངོས་རིག་པ་སོགས་ཟུར་ཚད་མང་པོའི་ཐོག་ནས་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མཐོ་སྒང་གསོ་རིག་རིགས་པའི་གཞུང་ལུགས་དང་ལག་ལེན་རྒྱས་བཤད་བྱས་ཡོད་པ་དང་།  ཀྲུང་གོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་དང་འགོག་བཅོས་ཁྲོད་ཀྱི་ཕན་འབྲས་འབུར་ཏུ་བཏོད་དེ།  གཙོ་བོ་རྒྱུན་མཐོང་གི་དལ་བའི་རང་བཞིན་ཅན་གྱི་མཐོ་སྒང་གི་ནད་དང་།  ས་མཐོའི་གློ་བའི་ཆུ་སྐྲངས་ཀྱི་ཞིབ་འཇུག་གི་འཕེལ་རིམ་རྒྱས་བཤད་བྱས་ཡོད།

དེབ་དེའི་ཁྱད་ཆོས་གཞན་ཞིག་ནི་རྒྱ་ཡིག་དང་དབྱིན་ཡིག་གི་ཚད་ལྡན་ཡིག་ཆ་ཕུད་སི་ཕེན་དང་ཨུ་རུ་སུའི་སྐད་ཡིག་གི་ཚད་ལྡན་ཡིག་ཆ་ཚུད་ཡོད་ལ།  མཐོ་སྒང་གསོ་རིག་གི་འཛམ་གླིང་གི་གྲུབ་འབྲས་དང་འཕེལ་རིམ་ཡོངས་ཚུད་པར་བྱས་ཡོད།  །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།