0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལྗོངས་བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་གཞུང་སྒྲུབ་ཁང་གི་སྒོ་བྱང་བཀལ་བ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

       ཚེས24ཉིན། བོད་ལྗོངས་བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་བཙུགས་པའི་གཞུང་སྒྲུབ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་བོད་ལྗོངས་ཚན་རྩལ་ཐིན་དུ་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མེ་དང་མིན་ཞའོ་ལིན་མཛད་སྒོར་ཞུགས་ཏེ་གཞུང་སྒྲུབ་ཁང་གི་སྒོ་བྱང་བཀལ་བ་རེད།

མིན་ཞའོ་ལིན་གྱིས་བསྟན་དོན། བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་བོད་ཀྱི་གསོ་རིག་ལས་དོན་ལ་མཐོང་ཆེན་གནང་བཞིན་ཡོད་པ་དང་། བོད་ཀྱི་གསོ་རིག་གི་ཕུལ་བྱུང་བཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་གསར་སྐྲུན་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས། བོད་ཀྱི་གསོ་རིག་དང་། མཐོ་སྒང་གི་སྨན་བཅོས། ཁོར་ཡུག་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། བོད་ལྗོངས་བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་འཛུགས་སྐྲུན་ལ་གཅིག་གྱུར་ངང་སྐུལ་འདེད་བཏང་། བོད་ལྗོངས་ཀྱི་གསོ་རིག་ལས་དོན་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ལ་དམིིགས་ཏེ། ཞིབ་འཇུག་ཁ་ཕྱོགས་གཏན་འཁེལ་དང་། རྣམ་གྲངས་ཞིབ་ཐོ་བཟོས་ཏེ། ལྗོངས་ཕྱི་ནང་གི་ཕུལ་བྱུང་ཚན་རིག་ཞིབ་འཇུག་ཚོགས་པ་རྩ་འཛུགས་བྱས་ནས་བོད་སྨན་གྱི་ཐེངས་གཉིས་པའི་གསར་སྤེལ་དང་། བོད་སྨན་གསར་བའི་ཞིབ་འཇུག བོད་སྨན་སྤུས་ཚད་ཚད་གཞི་བཅས་ལ་དམིགས་ཏེ་མཉམ་འབྲེལ་ངང་འགག་གནད་སྒྲོལ་བ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བོད་ཀྱི་གསོ་རིག་གི་ཚན་རྩལ་གསར་སྐྲུན་མ་ལག་གྲུབ་པར་སྐུལ་འདེད་བཏང་ནས། ཚན་རྩལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་ནུས་འདོན་པའི་ཕྱོགས་ལ་ཤུགས་སྣོན་བྱས།

ལོ་མེ་ཡིས་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། བསམ་བློ་བཅིངས་འགྲོལ། འགན་འཁུར་ཕོད་པ། རང་འགུལ་གྱིས་བྱ་བ་སྒྲུབ་པ་བཅས་བྱས་ནས། བོད་སྨན་ཐོན་ཁུངས་ཀྱི་ཧྲག་བསྡུ་དང་གཅིག་གྱུར་མཐུན་སྦྱོར་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པ་བརྒྱུད། བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པར་བརྟེན་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་གསོ་རིག་ལས་དོན་གྱི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།  །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།